འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་ཡོངས་ལུས་རྩལ་ལུས་སྦྱོང་གི་དཔེ་བཟང་གྲོང་ཁྱེར་དང་རྫོང་གཏོད་པའི་ལས་དོན་
    སྤེལ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་08ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་《དམངས་ཡོངས་ཀྱི་ལུས་རྩལ་ལུས་སྦྱོང་དཔེ་བཟང་གྲོང་ཁྱེར་དང་དམངས་ཡོངས་ཀྱི་ལུས་རྩལ་ལུས་སྦྱོང་གི་དཔེ་བཟང་རྫོང(གྲོང་ཁྱེར་དང་ཆུས)གཏོད་པའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་》ཁྱབ་བསྒྲགས་བྱས་ཏེ་རྒྱལ་ཡོངས་སུ་གཏོད་པའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད།
         《བརྡ་ཐོ་》གཞིར་བཟུང་། ད་རེས་གཏོད་པའི་ལས་དོན་གྱི་དམིགས་ཚད་ནི་ལོ་4རིང་གཏོད་པར་བརྟེན་ནས་རྒྱལ་ཡོངས་སུ་དམངས་ཡོངས་ལུས་རྩལ་ལུས་སྦྱོང་གི་དཔེ་བཟང་གྲོང་ཁྱེར་50དང་དམངས་ཡོངས་ལུས་རྩལ་ལུས་སྦྱོང་གི་དཔེ་བཟང་རྫོང(གྲོང་ཁྱེར་དང་ཆུས)100བསྐྲུན་རྒྱུ་དེ་རེད། དཔེ་བཟང་གྲོང་ཁྱེར(རྫོང)གྱིས་《དམངས་ཡོངས་ལུས་སྦྱོང་གི་འཆར་གཞི(2016—2020ལོ)》ནང་གཏན་ལ་འཁེལ་བའི་དམིགས་ཚད་དུ་ཁྱོན་ཡོངས་ནས་སླེབས་པར་བྱས་ནས་སྔ་སྣུར་དུ་《“བདེ་ཐང་གི་ཀྲུང་གོ”2030ལོའི་འཆར་འགོད་རྩ་གནད་》ཀྱི་དམངས་ཡོངས་ལུས་སྦྱོང་སྐོར་གྱི་དམིགས་ཚད་གཙོ་བོར་སླེབས་ཐུབ་པར་བྱ་དགོས།
         《བརྡ་ཐོའི་》ནང་དཔེ་བཟང་གྲོང་ཁྱེར་དང་རྫོང་གིས་ཕྱོགས་8ཐད་ཀྱི་ཚད་གཞིར་སླེབས་ཐུབ་པ་བྱེད་དགོས་ཞེས་བཏོན་པ་སྟེ། རྩ་འཛུགས་འགོ་ཁྲིད་འགྱུར་མེད་སྟོབས་ལྡན་དང་། དམངས་ཡོངས་ལུས་སྦྱོང་གི་འཆར་འགོད་ཚན་རིག་དང་མཐུན་ལ་འཐུས་སྒོ་ཚང་བ། དམངས་ཡོངས་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་བ། དམངས་ཡོངས་ལུས་སྦྱོང་བྱ་ཡུལ་གྱི་སྒྲིག་བཀོད་འདང་ངེས་ཡིན་པ། དམངས་ཡོངས་ལུས་སྦྱོང་གི་སྤྱི་ཚོགས་ཀྱི་ཞུགས་རྒྱ་ཆེ་བ། དམངས་ཡོངས་ལུས་སྦྱོང་གི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་བ། དམངས་ཡོངས་ལུས་སྦྱོང་ལ་ཞུགས་པའི་ལམ་སྲོལ་འཐུས་སྒོ་ཚང་བ་དང་དེ་བཞིན་དམངས་ཡོངས་ལུས་སྦྱོང་གི་ལྕག་སྐུལ་བྱེད་ཐབས་གནད་འཁྱོལ་ཡིན་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།