འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ནེ་པ་ལར་ས་ཡོམ་ལས་གཏོར་སྐྱོན་ཕོག་པའི་ལོ་བརྒྱའི་ལོ་རྒྱུས་ལྡན་པའི་གྲགས་
    ཅན་སློབ་གྲྭ་བསྐྱར་སྐྲུན་གྱི་རོགས་རམ་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་07ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ནེ་པ་ལའི་སྲིད་གཞུང་གིས་ལས་འགོ་འཛུགས་པའི་བྱེད་སྒོ་གཟབ་རྒྱས་གཉེར་ནས་ལོ་བརྒྱའི་ལོ་རྒྱུས་ལྡན་པའི་གྲགས་ཅན་སློབ་གྲྭ་ཀ་ཏ་མན་རྡུའི་ཏུའུ་པཱ་སློབ་འབྲིང་བསྐྱར་སྐྲུན་གྱི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པར་རྟེན་འབྲེལ་ཞུས་པ་རེད།
         ནེ་པ་ལའི་སློབ་གསོ་དང་ཚན་རྩལ་པུའི་པུའུ་ཀྲང་པོ་ཁོ་རུར་གྱིས་ལས་འགོ་འཛུགས་པའི་བྱེད་སྒོའི་ཐོག ཏུའུ་པཱ་སློབ་འབྲིང་ལ་ལོ་ངོ་165ཡི་ལོ་རྒྱུས་ལྡན་ཡོད་པ་དང་། སློབ་གསོའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དེ་རིང་ཀྲུང་གོའི་རོགས་རམ་ལས་ནེ་པ་ལའི་ལོ་རྒྱུས་ཐོག་གི་ཤུལ་བཞག་གལ་ཆེན་འདི་ནས་བསྐྱར་དུ་འོད་སྟོང་འཕྲོ་རྒྱུ་རེད་ཅེས་བརྗོད་པ་རེད།
         ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡུས་ཧུང་གིས་གསུང་བཤད་གནང་སྐབས། 2015ལོར་ས་ཡོམ་ཆེན་པོ་བརྒྱབ་རྗེས་ཀྲུང་གོས་ནེ་པ་ལའི་གེགས་རྗེས་བསྐྱར་སྐྲུན་གྱི་རྣམ་གྲངས་25རོགས་སྐྲུན་བྱ་རྒྱུའི་ཁས་བླངས་ཡོད། མིག་སྔར། རྣམ་གྲངས་2ལེགས་སྒྲུབ་ཐུབ་པ་དང་རྣམ་གྲངས་17སྐྲུན་བཞིན་ཡོད། རྣམ་གྲངས་ལྷག་མ་དག་ཏུའུ་པཱ་སློབ་འབྲིང་བསྐྲུན་རྗེས་རིམ་བཞིན་ལས་འགོ་འཛུགས་རྒྱུ་རེད་ཅེས་བརྗོད་པ་རེད།
         ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་འཐུས་མི་དང་ཏུའུ་པཱ་སློབ་འབྲིང་གི་དགེ་སློབ་སོགས་མི་200ལྷག་ལས་འགོ་འཛུགས་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།
         ཏུའུ་པཱ་སློབ་འབྲིང་1853ལོར་བསྐྲུན་པ་དང་། དེ་ནི་ནེ་པ་ལར་དབྱིན་ཡིག་སློབ་ཁྲིད་བྱེད་པའི་དེང་རབས་ཅན་གྱི་སློབ་གྲྭ་དང་པོ་དེ་ཡིན་ཞིང་། 2015ལོའི་ས་ཡོམ་དྲག་པོའི་ཁྲོད་གཏོར་སྐྱོན་ཆེན་པོ་ཕོག་ཡོད་སྟབས། སློབ་མ་བརྒྱ་ཕྲག་ལྷག་ཉེན་ཡོད་ཁང་པའི་འགྲམ་དུ་གནས་སྐབས་བསྐྲུན་པའི་སློབ་ཁང་དུ་སློབ་ཚན་མི་འཚོག་ཀ་མེད་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།