འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲི་པུའི་ཧྲུའུ་ཅི་བརྒྱ་གྲངས་ལག་རྩལ་སྦྱོང་བར་བྲེལ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་07ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་30ནས་ཟླ་8ཚེས་4ཉིན་བར། ཙེ་ཤིས་སུ་ཧྥུའུ་ཀྲོའུ་གྲོང་ཁྱེར་ཀན་ནན་གྱི་དེ་སྔའི་ཀྲུང་དབྱང་སུའུ་ཝེ་ཨའེ་ས་ཁུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་ཡུག་ཁུལ་གྱི་རྫོང་དང་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་བཙུགས་ཤིང་། གྲོང་ཁྱེར་ཡོངས་ཀྱི་ཁག་དང་པོའི་གྲོང་གསེབ་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་106དུས་ཡུན་ཉིན་དྲུག་རིང་གཞི་རིམ་ཏང་ཡོན་དཔུང་ཁག་འཛུགས་སྐྱོང་དང་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་སོགས་སྐོར་གྱི་གསོ་སྦྱོང་ནང་ཞུགས་པ་རེད། བྱེད་སྒོ་སྤེལ་བ་བརྒྱུད་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་བསམ་བློ་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་བྱེད་མཁན་ལག་རྩལ་ཤེས་པ་ཁག་གཅིག་གསོ་སྦྱོང་བྱེད་པར་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།