འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཅིན་མོན་དམངས་ཚོགས་3500ཡིས་“ངོགས་གཉིས་ཁྱིམ་གཅིག་ལྟར་བརྩེ་བ་དང་
    མཉམ་དུ་གཙང་ཆུ་གཅིག་སྤྱོད་པའི”ལོ་རྒྱུས་ལ་དཔང་པོ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་07ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སྔ་དྲོའི་ཆུ་ཚོད་བརྒྱད་པ་ཙམ་ལ་ཅིན་མོན་གླིང་ཕྲན་ཐོག་ཉི་འོད་ལྷག་པར་འཚེར་ཞིང་། ལོ་82ལ་སླེབས་པའི་ཁྲེན་ཡ་ཧྥུའུ་ཡིས་འཁར་རྒྱུག་འཁྱེར་ཏེ་ཅིན་མོན་རྫོང་ཅིན་ཧྲ་གྲོང་རྡལ་ཐན་ཕུའུ་ཆུ་མཛོད་འགྲམ་དུ་ཧྥུའུ་ཅན་གྱིས་ཅིན་མོན་ལ་ཆུ་གཏོང་བའི་མཛད་སྒོར་ཞུགས།
         དེ་རིང་ཧྥུའུ་ཅན་ཅིན་ཅང་གཙང་པོའི་ཆུ། མཚོ་གཏིང་གི་མདོང་ལམ་རིང་པོ་དེ་བརྒྱུད་ཅིན་མོན་ཐན་ཕུའུ་ཆུ་མཛོད་རྫིང་པོར་རྒྱུག་ཅིང་། “ང་ལོ་82ལ་སླེབས་ཀྱང་སྐམ་ས་ཆེ་མོའི་ཆུ་འཐུང་རྒྱུ་བྱུང་ཡོང་སྙམ་པ་བསམ་པའི་ཡུལ་ལའང་མེད། ངས‘ངོགས་གཉིས་གཙང་ཆུ་མཉམ་སྤྱོད’ཀྱི་དུས་དེར་དཔང་པོ་བྱ་རྒྱུ་ཡིན་ཞེས”ཁྲེན་ཡ་ཧྥུའུ་ཡིས་བཤད།
          ཅིན་མོན་གྱི་ས་ཆ་བྱེ་ས་ཡིན་ལ་ལྷགས་པ་ཚ་བས་ཆུ་གསོག་ཐུབ་ཀྱི་མེད་པར་བརྟེན། སྔ་མོ་ནས་ཆུ་དཀོན་པའི་གནད་དོན་ཚབས་ལྕི་པོ་ཡོད། ཆུའི་གནད་དོན་ཐག་གཅོད་བྱ་ཆེད་ཅིན་མོན་རྫོང་སྲིད་གཞུང་གིས་ལོ་མང་གོང་དུ་སྐམ་ས་ཆེ་མོ་དང་གྲོས་མོལ་བྱས་ཏེ་རོགས་རམ་ཐོབ་རེ་བྱས། ཀྱག་ཀྱོག་གི་ལམ་བུ་བརྒྱུད་མཐར་ཕྱོགས་གཉིས་པོས་2015ལོར་མཉམ་ལས་ལ་མིང་རྟགས་བཀོད་པ་རེད། ཅིན་མོན་རྫོང་གི་རྫོང་དཔོན་ཁྲེན་ཧྥུའུ་ཧའེ་ཡིས“ཆུ་མཁོ་འདོན་ཐད་ཐོག་མར་གྲོས་མོལ་བྱེད་པ་ནས་ལས་གྲྭ་འཆར་འགོད་བར་དང་དེ་རྗེས་ཆུ་ཚོད་གཏོང་བྱེད་པ་ནས་ད་ཆ་དངོས་སུ་བཏང་བའི་བར་ལོ་23འགོར་ཡོད། ངས་འཛུགས་སྐྲུན་ལ་ལེགས་སྐྱེས་འབུལ་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།
         ཅིན་མོན་རྫོང་ཆུ་ཀ་ལ་བཟོ་གྲྭའི་ཁྲང་ཀྲང་ཞུས་ཁྲེན་ཧྥང་གིས་གསར་འགོད་པར། ཅིན་མོན་དང་སྐམ་ས་ཆེ་མོའི་དབར་ལོ་སུམ་ཅུའི་ཆུ་མཁོ་འདོན་གྱི་གན་རྒྱ་བཞག་ཡོད། ལོ་བཅུའི་རྗེས་སུ་ཆུ་མཁོ་འདོན་བྱེད་ཚད་མང་དུ་གཏོང་ཐུབ་པས་ཅིན་མོན་གྱི་འབྱུང་འགྱུར་ལོ་སུམ་ཅུའི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་ལ་མཁོ་བའི་ཆུ་འགན་ལེན་ཡོང་ཐུབ། དེ་རིང་ཆུ་དངོས་སུ་གཏོང་བའི་མཛད་སྒོ་དེ་ནི་ཅིན་མོན་གྱི་བཀྲ་ཤིས་པའི་བྱ་བ་ཞིག་རེད་ཅེས་བཤད་བྱུང་། ཅིན་མོན་གྱི་བགྲེས་སོང་ཝུང་མིང་ཏུའེ་ཡིས་གསར་འགོད་པར“ཅིན་མོན་གྱི་མི་འབོར་མང་དུ་འགྲོ་བཞིན་ཡོད་ལ། ད་དུང་མང་དུ་འགྲོ་རྒྱུ་རེད། ད་ཆ་ང་ཚོར་མཁོ་བ་ནི་ཆུ་རེད”ཅེས་བརྗོད་བྱུང་།
          ཆུ་གཏོང་བའི་མཛད་སྒོར་ཅིན་མོན་དམངས་ཚོགས་200ཙམ་ཞུགས་རྒྱུའི་ཚོད་དཔག་བྱས་མོད། འོན་ཀྱང་ཅིན་མོན་ཕྱོགས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན་དེ་ཉིན་ཆུ་གཏོང་བའི་མཛད་སྒོར་ཞུགས་མཁན་མི་3500ཟིན་ཡོད་པ་རེད། སྐམ་ས་ཆེ་མོ་དང་། ཐའེ་དབན། ཤང་ཀང་སོགས་སྨྱན་སྦྱོར་40ཡིས་བཏང་བའི་ཚོགས་པས་ས་གནས་ས་ཐོག་གི་གནས་ཚུལ་བཅར་འདྲི་དང་། ཐད་གཏོང་། བརྒྱུད་གཏོང་བཅས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།