འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱིས“5+1”ཐོན་ལས་མ་ལག་བཏོད་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་
    སྐུལ་འདེད་གཏོང་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་07ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། སི་ཁྲོན་ཞིང་ཨུད་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་ལས་ཁང་དང་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། སི་ཁྲོན་གྱིས་གློག་རྡུལ་ཆ་འཕྲིན་དང་། སྒྲིག་ཆས་བཟོ་སྐྲུན། བཟའ་བཅའ་དང་བཏུང་བྱ། སྔོན་ཐོན་རྒྱུ་ཆ། ནུས་རྒྱུ་དང་རྫས་འགྱུར་བཟོ་ལས་བཅས་དུང་ཕྱུར་ཁྲི་5རིམ་པའི་སྲོག་ཤིང་ཐོན་ལས་དང་གྲངས་འཛིན་དཔལ་འབྱོར་གཙོ་རྐང་དུ་བྱེད་པའི“5+1”དེང་རབས་ཐོན་ལས་མ་ལག་ནུས་ཤུགས་ཡོད་རྒུས་བསྐྲུན་ནས། སི་ཁྲོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
         སི་ཁྲོན་ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཤིན་ཡིའུ་ཡིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་སི་ཁྲོན་གྱིས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་འཕེལ་རྒྱས་བསམ་ཕྱོགས་གཏན་འཁེལ་བྱེད་དགོས་པ་དང་། དཔལ་འབྱོར་སྲིད་ཇུས་བཟོ་དགོས་པ། སྤྱི་ཁོག་སྙོམས་སྒྲིག་སྟངས་འཛིན་བྱེད་དགོས་པ་བཅས་ཀྱི་རྩ་བའི་བླང་བྱ་ཞིག་རེད། ཉེ་དུས་སི་ཁྲོན་ཞིང་ཨུད་ཀྱིས་སི་ཁྲོན་གྱི་ཁྱད་ཆོས་དང་ལེགས་ཆ་ལྡན་པའི“5+1”དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་ལ་བཀོད་སྒྲིག་གལ་ཆེན་བྱས་ཡོད། དེའི་ནང“5”ཞེས་པ་ནི་གློག་རྡུལ་ཆ་འཕྲིན་དང་། སྒྲིག་ཆས་བཟོ་སྐྲུན། བཟའ་བཅའ་དང་བཏུང་བྱ། སྔོན་ཐོན་རྒྱུ་ཆ། ནུས་རྒྱུ་དང་རྫས་འགྱུར་བཟོ་ལས་བཅས་དུང་ཕྱུར་ཁྲི་5རིམ་པའི་སྲོག་ཤིང་ཐོན་ལས་ལ་ཟེར་གྱི་ཡོད། དེ་ནི་སི་ཁྲོན་གྱི་དེང་རབས་ཐོན་ལས་མ་ལག་གི་འདེགས་སྐྱོར་གཙོ་བོ་ཞིག་ཡིན། “1”ཞེས་པ་ནི་གྲངས་འཛིན་དཔལ་འབྱོར་ལ་ཟེར་གྱི་ཡོད་ཅེས་བཤད་པ་རེད།
         “སི་ཁྲོན་གྱི་ཐོན་ལས་དེ་དག་གི་རྨང་གཞི་བརྟན་པོ་དང་ལེགས་ཆ་མངོན་གསལ་དོད་པ་མ་ཟད། གཞི་རྒྱའང་ཅུང་ཆེན་པོ་ཡོད”ཁྲེན་ཤིན་ཡིའུ་ཡིས་གློག་རྡུལ་ཆ་འཕྲིན་ལས་རིགས་ལ་མཚོན་ན་སྒོར་དུང་ཕྱུར་ཁྲིའི་འགག་སྒོ་ལས་ཐོག་མར་བརྒལ་བཟོ་ཆེ་ཤོས་ཡོད། སི་ཁྲོན་གྱིས་འཆར་ཤེལ་གསར་པ་དང་། ཕྱོགས་བསྡུས་གློག་ལམ། དྲ་རྒྱའི་བདེ་འཇགས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། G5དང་རིག་ནུས་གྱོན་འདོགས་སྒྲིག་ཆས་སོགས་མི་མངོན་པའི་ནུས་པ་ཧ་ཅང་ཆེན་པོ་ལྡན་པའི་ཐོན་ལས་འཕེལརྒྱས་བཏང་ནས་གོ་ལ་ཧྲིལ་པོའི་གློག་རྡུལ་ཆ་འཕྲིན་ཐོན་ལས་རྟེན་གཞི་གལ་ཆེན་འཛུགས་སྐྲུན་མགྱོགས་པོ་བྱ་རྒྱུ་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།