འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་ཐོན་ལས་དབུལ་སྐྱོར་ལ་ལས་འབོར་དཔྱད་ཞིབ་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་07ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་ཡུན་ནན་ཞིང་ཆེན་ཐོན་ལས་དབུལ་སྐྱོར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཡུན་ནན་གྱིས་ཐོན་ལས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ལས་དབུལ་སྐྱོར“བཀའ་ལྷོད་ལས་འགན”ཡིན་པའི་བསམ་བློར་འགྱུར་ལྡོག་བཏང་སྟེ་ཐོན་ལས་དབུལ་སྐྱོར་གྱི་ལས་འབོར་དཔྱད་ཞིབ་དམིགས་ཚད་གཏན་འཁེལ་བྱ་རྒྱུ་ཡིན་པ་རེད།
         ཡུན་ནན་ནི་རང་རྒྱལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་གཙོ་བོ་ཞིག་ཡིན་ཞིང་། ན་ནིང་ལོ་མཇུག་ཏུ་ཞིང་ཆེན་ཡོངས་སུ་ད་དུང་རྫོང་དབུལ་པོ་88དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་331ལྷག་ཙམ་ཡོད་པས། རྫོང་དབུལ་པོ་དང་མི་འབོར་དབུལ་པོའི་གྲངས་འབོར་གཉིས་ཀ་རྒྱལ་ཡོངས་ནས་ཨང་དང་པོ་ཡིན་པ་རེད།
         མང་ཚོགས་དབུལ་པོ་ཚང་མར་འབབ་འཕར་རྣམ་གྲངས་རག་པ་དང་མི་ཚང་མར་དབུལ་སྐྱོར་ཐབས་ལམ་ཡོད་པ་བྱས་ཏེ། སྔ་ཙམ་དབུལ་པོ་ལས་བསྒྲལ་ནས་འབྱོར་འབྲིང་ལམ་དུ་བསྐྱོད་ཆེད། ཡུན་ནན་གྱིས་ན་ནིང་ནས་བཟུང་གྲོང་གསེབ་ཀྱི་མཉམ་ལས་དཔལ་འབྱོར་རྩ་འཛུགས་གསར་པ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཚང་མར་ཁྱབ་རྒྱུའི་ཇུས་གཞི་བཏོན་ཡོད། འདི་ལོའི་ལོ་འགོར། ཡུན་ནན་ཞིང་ཆེན་གཞུང་དོན་ཐིང་གིས་ཡིག་ཆ་བཀྲམ་སྟེ་2020ལོར་སླེབས་སྐབས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་ངལ་རྩོལ་ནུས་པ་ཡོད་ཕྱིན་ཐོན་ལས་འབབ་འཕར་རྣམ་གྲངས་1ཡན་ཡོད་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གསོ་སྦྱོང་གི་འདུན་པ་ཡོད་ཕྱིན་ལས་ཞུགས་ལས་གཏོད་ཀྱི་ལག་ཤེས་1ཡན་ལྡན་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         “ཐོན་ལས་འདེམས་པར་རང་འདོད་དང་རྒྱ་ཡན་དུ་གཏོང་རྒྱུ་མེད་ལ་ཁྲལ་སེལ་སླ་བཅོས་ངང་བཙན་ཤེད་ཀྱང་བྱ་རྒྱུ་མེད”ཅེས་ཡུན་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལི་ཤིའུ་ལིང་གིས་བརྗོད་ཅིང་། ཁོང་གིས་ས་གནས་ཁག་གིས་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་གཏན་འཁེལ་བྱེད་སྐབས་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཁྲོམ་རའི་མདུན་ལམ། ཞིང་པའི་ལག་རྩལ་སོགས་ཕྱོགས་ཡོངས་ལ་བསམ་བློ་བཏང་སྟེ། ལེགས་ཆ་དང་ཞན་ཆའི་ཐོན་ལས་ཟུང་འབྲེལ་མཐའ་འཁྱོངས་བྱེད་དགོས་ལ། སྣོད་བཅུད་ཕན་འབྲས་ཆེ་ཤོས་ཐོན་པའང་མཐའ་འཁྱོངས་བྱེད་དགོས་ཞེས་བརྗོད།
         དབུལ་སྐྱོར་ཐོན་ལས་ལ་མ་དངུལ་གཏོང་བའི་ཐད། ཡུན་ནན་གྱིས་རིགས་ཁག་གི་མ་དངུལ་དབུལ་སྐྱོར་ཐོན་ལས་ལ་དམིགས་བསལ་ཐོག་བཏང་སྟེ་མ་དངུལ་བེད་སྤྱོད་གཏོང་ཚད་མཐོ་རུ་དང་མ་འཇོག་གི་ཕན་འབྲས་ཐོན་ཚད་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།