འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།“ཉི་གཏད་དམར་03”ཚན་ཞིབ་གྲུ་གཟིངས་ཐོན་པ།

    ཀྲུང་གོའི་རྒྱ་མཚོ་ཆེ་མོའི་ཚན་ཞིབ་ལས་འགན་ཁག་ཐེངས་50པ་བསྒྲུབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་16ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་རང་བྱུང་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱུང་བར། “ཉི་གཏད་དམར་03”ཚན་ཞིབ་གྲུ་གཟིངས་ཚེས་14ཉིན་ཞ་མོན་ནས་ཐོན་པ་དང་ནུབ་ཞི་བདེ་རྒྱ་མཚོ་དང་ཤར་ཞི་བདེ་རྒྱ་མཚོ་སོགས་ས་ཁོངས་སུ་ཀྲུང་གོའི་རྒྱ་མཚོ་ཆེ་མོའི་ཚན་ཞིབ་ལས་འགན་ཁག་ཐེངས་50པ་བསྒྲུབ་རྒྱུ་ཡིན་པ་དང་སྔོན་དཔག་བྱས་ན་2018ལོའི་ཟླ་12པར་ལས་འགན་ལེགས་སྒྲུབ་ཟིན་ནས་ཞ་མོན་དུ་ཕྱིར་ལོག་རྒྱུ་ཡིན་པ་རེད།
         གྲུ་གཟིངས་ལན་གྲངས་དེས་རང་རྒྱལ་གྱི་མཚོ་འཇིངས་འཐབ་ཇུས་ཆེད་དོན“ཀླུ་མོ་མཚོ་འཇིངས”ལས་གྲྭའི་ལས་འགན་གཙོ་བོ་བསྒྲུབ་རྒྱུ་དང་Aདུམ་བུ་དང་Bདུམ་བུ་གཉིས་སུ་དབྱེ་རྒྱུ་ཡིན་པར་ཁྱོན་ཉིན་150འགོར་རྒྱུ་དང་ལམ་ཚད་མཚོ་ལེ་15000ཙམ་ཟིན་རྒྱུ་རེད། དེའི་ཁྲོད་Aདུམ་བུ་མཚོ་འགྲུལ་དུམ་བུ་དང་པོ་ཡིན་ཞིང་། དུས་ཡུན་ཉིན་50ཡིན་པ་དང་གཙོ་བོ་ཀྲུང་གོའི་རྒྱ་མཚོ་ཆེ་མོའི་མཐུན་ཚོགས་ཀྱི་ལྕགས་རིགས་མང་པོ་གཅིག་འདུས་གན་རྒྱའི་ཁུལ་དུ་ཐོན་ཁུངས་དང་ཁོར་ཡུག་དང་སྐྱེ་དངོས་སྣ་མང་རང་བཞིན་ཞིབ་བཤེར་བྱས་ནས་གན་རྒྱའི་ཁུལ་གྱི་ཁོར་ཡུག་གཞི་རྟེན་ཐིག་ཚད་གྲངས་གཞི་དང་དངོས་དཔེ་ཐོབ་པ་བྱ་རྒྱུ་དེ་ཡིན། Bདུམ་བུ་དེ་མཚོ་འགྲུལ་དུམ་བུ་གཉིས་པ་དང་གསུམ་པར་དབྱེ་བ་དང་དུས་ཡུན་ཉིན་100ཡིན་པ་རེད། མཚོ་འགྲུལ་དུམ་བུ་གཉིས་པ་དེ་གཙོ་བོ་ཤར་ཞི་བདེ་རྒྱ་མཚོ་ཀྲུང་གོའི་གཏེར་ལས་ཚོགས་པ་ཀུང་སི་ལྔ་པས་ལྕགས་རིགས་མང་པོ་གཅིག་འདུས་གན་རྒྱའི་ཁུལ་དུ་ཐོན་ཁུངས་དང་ཁོར་ཡུག་ཞིབ་བཤེར་བྱས་ནས་གན་རྒྱའི་ཁུལ་གྱི་ཐོན་ཁུངས་གནས་ཚུལ་མདོར་བསྡུས་སྔར་བས་ཤེས་རྟོགས་བྱ་རྒྱུ་རེད། མཚོ་འགྲུལ་དུམ་བུ་གསུམ་པ་དེ་གཙོ་བོ་ཤར་ཞི་བདེ་རྒྱ་མཚོ་ཀྲུང་གོའི་གཏེར་ལས་ཚོགས་པ་ཀུང་སི་ལྔ་པའི་གན་རྒྱའི་ཁུལ་དང་ཤར་ཞི་བདེ་རྒྱ་མཚོ་ཀྲུང་གོའི་རྒྱ་མཚོ་ཆེ་མོའི་མཐུན་ཚོགས་ཀྱི་གན་རྒྱའི་ཁུལ་དུ་ཐོན་ཁུངས་དང་ཁོར་ཡུག་གི་གཞི་རྟེན་ཐིག་ཚད་གྲངས་གཞི་ཞིབ་བཤེར་བྱ་རྒྱུ་རེད། གཞན་ཡང་ཚན་ཞིབ་རུ་མི་ཚོས་ད་དུང་མཚོ་ལམ་དུ་ཆུ་གཟུགས་ཀྱི་འཕྲོ་འགྱེད་རང་བཞིན་དང་རྒྱ་མཚོའི་འགྱིག་ཕྲན་སོགས་རྒྱ་མཚོའི་ཁོར་ཡུག་ཐད་ཀྱི་དོ་སྣང་བྱེད་མང་བའི་གནད་དོན་ལ་བརྟག་དཔྱད་བྱ་རྒྱུ་རེད།
         “ཉི་གཏད་དམར་03”ཚན་ཞིབ་གྲུ་གཟིངས་ནི་ཀྲུང་གོས་རང་བདག་ཇུས་འགོད་དང་གསར་བཟོ་བྱས་པ་ཞིག་དང་ཕྱོགས་བསྡུས་ལྟ་དཔྱད་ཚད་འཇལ་ལག་རྩལ་ནུས་པ་རྒྱལ་སྤྱིའི་ཆུ་ཚད་མཐོ་ཤོས་སུ་སླེབས་པའི་ཚན་ཞིབ་གྲུ་གཟིངས་ཤིག་ཡིན། དེར་རྒྱ་མཚོའི་སྒུལ་ཤུགས་དང་། ས་གཤིས་དང་སའི་གོ་ལའི་དངོས་ཁམས། སྐྱེ་དངོས་སྣོད་བཅུད། རྒྱ་མཚོའི་རྫས་འགྱུར་སོགས་ཁོར་ཡུག་གི་ཕྱོགས་བསྡུས་ཚན་ཞིབ་ནུས་པ་ལྡན་པ་དང་མིག་སྔར་བདེ་འཇགས་ངང་མཚོ་ལེ་ཁྲི་6ལྷག་ཙམ་འཁོར་རྒྱུག་བྱས་ནས་གོ་ལ་ཧྲིལ་པོའི་འགྱུར་ལྡོག་དང་མཚོ་རླངས་ཀྱི་ཕན་ཚུན་ནུས་པ་ཐོན་པའི་རྒྱ་མཚོའི་གཏིང་གི་ས་གཤིས་ཞིབ་བཤེར་སོགས་ཚན་ཞིབ་ལས་འགན་ལེགས་སྒྲུབ་བྱས་པ་དང་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།