༄༅།།ལོ་སྟོད་དུ་སྤྱི་ཚོགས་ཧྲིལ་པོའི་གློག་སྤྱོད་ཚད་དུས་མཚུངས་ལས་9.4%འཕར་བ།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 07ཚེས་16ཉིན། 10:23】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་6པར་སྤྱི་ཚོགས་ཧྲིལ་པོའི་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་5663ཟིན་པ་དེ་དུས་མཚུངས་ལས་8%འཕར་ཡོད་པ་རེད། ཐོན་ལས་དབྱེ་ནས་བལྟས་ཚེ། ཐོན་ལས་དང་པོར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་65ཟིན་ནས་དུས་མཚུངས་ལས་9.4%འཕར་བ་དང་། ཐོན་ལས་གཉིས་པར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་4037ཟིན་ནས་དུས་མཚུངས་ལས་6.6%འཕར་བ། ཐོན་ལས་གསུམ་པར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་892ཟིན་ནས་དུས་མཚུངས་ལས་13.2%འཕར་བ་བཅས་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་ཐད་སྤྱོད་པའི་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་669ཟིན་ནས་དུས་མཚུངས་ལས་9.4 %འཕར་ཡོད་པ་རེད།
ཟླ་1ནས་6བར་སྤྱི་ཚོགས་ཧྲིལ་པོའི་གློག་སྤྱོད་ཚད་རིམ་རྩིས་ལྟར་ན་ཆན་ཝ་ཆུ་ཚོད་དུང་ཕྱུར་32291ཟིན་ནས་དུས་མཚུངས་ལས་9.4%འཕར་ཡོད་པ་རེད། ཐོན་ལས་དབྱེ་ནས་བལྟས་ཚེ། ཐོན་ལས་དང་པོར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་328ཟིན་ནས་དུས་མཚུངས་ལས་10.3%འཕར་བ་དང་། ཐོན་ལས་གཉིས་པར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་22336ཟིན་ནས་དུས་མཚུངས་ལས་7.6%འཕར་བ། ཐོན་ལས་གསུམ་པར་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་5071ཟིན་ནས་དུས་མཚུངས་ལས་14.7%འཕར་བ་བཅས་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་ཐད་སྤྱོད་པའི་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་4555ཟིན་ནས་དུས་མཚུངས་ལས་13.2%འཕར་ཡོད་པ་རེད།