འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་མོའི་ཁྱིམ་ཚང་གིས་བློ་སེམས་གཅིག་མཐུན་ངང་བདེ་སྐྱིད་ལམ་བུ་བཏིང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་16ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལྷ་མོའི་ཕ་ཡུལ་ནི་མཚོ་ཆེན་རྫོང་མཚོ་ཆེན་གྲོང་རྡལ་སྨན་སྟོང་གྲོང་ཚོ་ནས་ཡིན་པ་དང་། ད་ལྟ་བུ་རྒན་པ་ཚེ་སྒྲུབ་དང་མཉམ་དུ་རྫོང་གྲོང་གི་རྒྱལ་ཁབ་གློག་དྲའི་ལམ་འགྲམ་གྱི་སྒོ་ར་ཆུང་ངུར་སྡོད་ཀྱི་ཡོད། ནམ་རྒྱུན་ཕྱིར་མང་པོ་འདོན་གྱི་མེད་ལ། ཚེ་སྒྲུབ་རྒན་ཡོལ་ཞུས་རྗེས་ཀྱི་ལས་ཀ་གཙོ་བོ་ནི་ལོ་90ཡོལ་བའི་ཨ་མ་རྒན་མོར་ལྟ་སྐྱོང་བྱ་རྒྱུ་དེ་རེད།
         ལྷ་མོ་ལོ་ན་གཞོན་དུས་ཁྱོ་ག་ཡག་པོ་ཞིག་དང་མ་ཕྲད་པའི་དབང་གིས་རང་ཉིད་གཅིག་པུས་ཕྲུ་གུ་ཁྲིད་ནས་དཀའ་ངལ་ལ་མ་འཛེམས་པར་འཚོ་ཐབས་བྱས། ལྷ་མོའི་ཨ་མས་ཁོ་མོའི་འཚོ་བ་སྐྱོ་ཙམ་ཡོད་པར་བསམ་ཤེས་བྱས་ནས་ཁྱིམ་ནས་ལུག་20ཁོ་མོར་སྤྲད་དེ་ཕྲུ་གུ་ཁྲིད་ནས་ལོགས་སུ་སྡོད་དུ་བཅུག
         དེ་ནས་བཟུང་ལྷ་མོས་བུ་ཁྲིད་ཅིང་ལུག་20དེད་ནས་རྩྭ་ཐང་དུ་འཚོ་འགོ་ཚུགས།
         སྐབས་དེའི་འཚོ་བར་དྲན་གསོ་བྱེད་སྐབས། ཚེ་སྒྲུབ་ཀྱིས་བློ་ལ་ངེས་ཤོས་ནི་རྟག་ཏུ་གྲོད་པ་ལྟོགས་ནས་སྡོད་པ་དེ་རེད། ཉིན་ཞིག་གུར་དུ་འབྲུ་རྡོག་གཅིག་ཀྱང་མེད་པས་ཚེ་སྒྲུབ་དང་ཨ་མ་གཉིས་ཉིན་ཁ་ཤས་ལྟོགས་པར་སྡོད་དགོས་བྱུང་། གལ་ཏེ་ཨ་མས་ཆུ་འགྲམ་ནས་ལུག་རོ་བསྒྲུགས་མེད་ན་ཁོང་ཚོ་དངོས་འབྲེལ་འཚོ་ཐབས་བྲལ།
          1959ལོར། དམངས་གཙོའི་བཅོས་བསྒྱུར་གྱི་དཔྱིད་རླུང་གངས་ལྗོངས་ས་མཐོར་ལྡང་བས་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་བདག་པོའི་ས་ཞིང་བདག་དབང་ལམ་ལུགས་རྦད་དེ་རྩ་མེད་བཟོས་ནས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་རང་ཁྱིམ་རང་བདག་བྱུང་། དམངས་གཙོའི་བཅོས་བསྒྱུར་བྱས་རྗེས་ལྷ་མོའི་ཨ་མས་ཕྱི་ལ་ཡོད་པའི་བུ་མོ་དྲན་པས་མི་མངགས་ཏེ་བུ་མོ་སྨན་སྟོང་གྲོང་ཚོར་ལོག་ཏུ་བཅུག་ནས་དམངས་གཙོའི་བཅོས་བསྒྱུར་ལས་བྱུང་བའི་ཕན་པ་མཉམ་སྤྱོད་བྱས།
          1967ལོར། ལོ་ན་ཆུང་བའི་ཚེ་སྒྲུབ་རྫོང་བཟོ་ལས་ཅུས་ཀྱི་ལས་མི་བསྡུ་ཡུལ་དུ་སླེབས་ཏེ་ཚོད་ལྟ་བྱེད་བསམས་ནས་མིང་ཐོ་བཀོད། སྐབས་དེར་འབྲོག་པ་ཚོས་ཕྱི་ལ་ལས་ཀར་འགྲོ་བར་རྒྱུས་མངའ་མེད་ལ་སེམས་ལ་གདེང་ཚོད་ཀྱང་མེད་སྟབས་མིང་ཐོ་འགོད་མཁན་ཧ་ལམ་མེད། མིང་ཐོ་འགོད་མཁན་མང་ཚོགས་གཅིག་པུ་ཡིན་པའི་ཚེ་སྒྲུབ་གྲོང་ཚོའི་ལས་བྱེད་པ་དང་པོར་གྱུར།
          སྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་ཆབས་ཅིག ཚེ་སྒྲུབ་ཀྱི་བུ་གཉིས་པོ་རྗེས་སུ་དམག་མི་བྱས་པ་དང་ལས་སྒྱུར་བྱས་རྗེས་རྫོང་སྤྱི་བདེ་སྡེ་ཚན་དུ་ལས་ཀ་བྱས་པ་དང་། བུ་གཉིས་ཀ་ཁྱིམ་ཚང་ཟིན་ནས་ད་ལྟ་ཕྲུ་གུའང་ཡོད། ད་ཆ་མི་རབས་བཞི་འཛོམས་ཀྱི་ལྷ་མོའི་ཁྱིམ་ཚང་གི་འཚོ་བ་བདེ་སྐྱིད་ལྡན་ཞིང་དགའ་སྤྲོའི་དཔལ་ལ་རོལ།
      

    ཕྱོགས་བསྡུས་གསར་འགྱུར།