འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།སྐམ་དམག་གི་སློབ་ཐོན་སློབ་མ་ཆིག་སྟོང་ཙམ་གྱིས་རང་འགུལ་ངང་མཐའ་མཚམས་སུ་བྱས་
    རྗེས་འཇོག་པར་བསྐྱོད་རྒྱུའི་རེ་འདུན་ཞུས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་16ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཉེ་ཆར་སྐམ་དམག་གི་ཆབ་སྲིད་ལས་དོན་པུའུ་ནས་ཤེས་རྟོགས་བྱས་པར། 2018ལོའི་སྐམ་དམག་གི་སློབ་ཐོན་སློབ་མ་ཆིག་སྟོང་ཙམ་གྱིས་རང་འགུལ་ངང་ཧྲན་ཤན་མཚོ་ཁུག་སོ་ལྟ་ཁང་དང་། ཧུང་ཆི་ལ་ཕུའུ་མཐའ་སྲུང་ལེན་སོགས་མཐའ་སྲུང་དཔུང་སྡེའི་རྒྱལ་སྲུང་མཐའ་སྲུང་ནང་ཞུགས་རྒྱུའི་རེ་འདུན་ཞུས་པ་རེད།
         སློབ་ཐོན་གྱི་ལས་བགོས་ལས་དོན་ཡག་པོ་བསྒྲུབ་ཆེད། ཟླ་7པའི་ཟླ་སྟོད་དུ་སྐམ་དམག་གི་ཆབ་སྲིད་ལས་དོན་པུའུ་ཡིས་སྒྲོག་འགྲེལ་ཚོགས་པ་5བཙུགས་ནས་སྐམ་དམག་གི་སློབ་གླིང་དང་སློབ་གྲྭ་10ཙམ་དང་གན་རྒྱ་བཞག་པའི་མཐོ་སློབ་30ཙམ་ལ་བསྐྱོད་དེ“དམག་དཔུང་སྟོབས་ཆེན་དང་དམག་གྲབས་ནང་ཞུགས་ནས་མཐའ་མཚམས་སུ་བྱས་རྗེས་འཇོག་རྒྱུའི་དམ་བཅའ་འཇོག་པའི”སྐོར་སྐྱོད་སྒྲོག་འགྲེལ་བྱས་པ་རེད། གཞི་རིམ་དང་མཐའ་མཚམས་དཔུང་སྡེ་ནས་ཡོང་བའི་ཕུལ་བྱུང་ལས་བྱེད་པ་ཁག་གཅིག་གིས་རང་ཉིད་ཀྱི་མྱོང་ཚོར་དང་ཟུང་འབྲེལ་བྱས་ནས་ངོ་མཚར་ཆེ་བའི་ཆེད་དོན་སྒྲོག་འགྲེལ་བྱས་པ་དང་། སློབ་མ་ཚོས་གཞི་རིམ་དུ་བྱས་རྗེས་འཇོག་པ་དང་རྒྱལ་ཁབ་ཆེད་ལེགས་སྐྱེས་འབུལ་བའི་ཕུགས་བསམ་དད་སེམས་བརྟན་པོར་འཛུགས་རྒྱུ་དང་། སློབ་མ་ཚོས་དམག་དཔུང་སྟོབས་ཆེར་གཏོང་བའི་སྒྱུར་བཅོས་ལག་ལེན་ནང་ཞུགས་རྒྱུའི་སྤྲོ་སེམས་འཕེལ་རྒྱུ། རང་རྟོགས་ངང་སྒེར་གྱི་དོན་གཉེར་དེ་རྒྱལ་སྲུང་ལ་ལེགས་སྐྱེས་འབུལ་རྒྱུར་སྒྱུར་རྒྱུའི་བྱ་སྤྱོད་བཅས་ལ་ཁྲིད་སྟོན་བྱས་པ་རེད།
         “སྒྲོག་འགྲེལ་བྱེད་སྒོས་སློབ་ཐོན་སློབ་མས་རྒྱལ་ཁབ་ལ་དྲིན་ལན་འཇལ་རྒྱུའི་སྤྲོ་སེམས་སྔར་བས་འཕེལ་ཐུབ་པ་བྱུང་སོང་། སློབ་མ་ཆིག་སྟོང་དེ་དག་གི་སྦྱངས་འབྲས་ཡག་པོ་ཡོད་པ་དང་། ཁོང་ཚོས་རང་འགུལ་ངང་རེ་ཞུ་ཕུལ་ནས་ཤིན་ཅང་དང་བོད་ལྗོངས་སོགས་མཐའ་མཚམས་ས་ཁུལ་དུ་བྱས་རྗེས་འཇོག་རྒྱུའི་རེ་བ་བཏོན་ཡོད”སྐམ་དམག་ཆབ་སྲིད་ལས་དོན་པུའི་ལས་བྱེད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྲི་ཅིང་ཀྲུང་གིས་མཐའ་མཚམས་ས་ཁུལ་ནི་སྔར་ནས་བཟུང་། སྙིང་སྟོབས་ཀྱི་མཐོ་ས་དང་ཤེས་ལྡན་པ་འཚར་ལོངས་ཡོང་བའི་གནས་རེད། སློབ་མ་མང་པོས་རང་འགུལ་ངང་རྒྱལ་སྲུང་མཐའ་སྲུང་བྱ་རྒྱུའི་རེ་ཞུ་ཕུལ་བ་དེ་ཐོག་ནས་ཁོང་ཚོའི་བླ་ན་མེད་པའི་སྙིང་སྟོབས་མཚོན་གྱི་ཡོད་ཅེས་བཤད་བྱུང་།
         གསར་འགོད་པས་ཤེས་རྟོགས་བྱས་པར། མྱ་ངམ་ཐང་དང་གངས་ལྗོངས་ས་མཐོར་རྒྱལ་སྲུང་མཐའ་སྲུང་བྱེད་པར་བསྐྱོད་རྒྱུའི་རེ་འདུན་ཞུ་མཁན་སློབ་མ་མང་ཆེ་བ་ནི་ཆུང་དུས་ནས་འབྲི་ཆུའི་ལྷོ་རྒྱུད་ཀྱི་དར་རྒྱས་ཆེ་བའི་གྲོང་ཁྱེར་དུ་འཚར་ལོངས་བྱུང་བ་ཤ་སྟག་ཡིན་པ་དང་། ད་དུང་སློབ་མ་ལ་ལ་ནི་ཕ་མས་གཏོང་མི་ཡོང་སྙམ་ནས་རང་འགུལ་ངང་ནང་མི་དང་སྐད་ཆ་བྱས་ནས་མིང་ཐོ་བཀོད་ཡོད། ཧྲི་མིང་མིང་ནི་ཀྲེ་ཅང་སློབ་ཆེན་གྱི་འབུམ་རམས་སློབ་མ་ཤིག་རེད། ཤིན་ཅང་དམག་ཁུལ་དུ་མཐའ་སྲུང་བྱེད་པར་བསྐྱོད་རྒྱུའི་ཁོང་གི་རེ་ཞུའི་ནང“དམག་མི་ནི་ངས་ཡིད་སྨོན་བྱེད་པའི་ལས་རིགས་ཤིག་ཡིན། དཀའ་སྤྱད་འབད་འཐབ་ནི་རང་རེའི་དམག་དཔུང་གི་ཕུལ་བྱུང་སྲོལ་རྒྱུན་རེད། དཀའ་ཚེགས་ཆེ་བའི་ས་གནས་སུ་བསྐྱོད་ན་རང་ཉིད་འཚར་ལོངས་ཡོང་རྒྱུར་ཕན་ཐོགས་ཡོད”ཅེས་བྲིས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།