འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་སྟོད་དུ་རང་རྒྱལ་གྱི་ཤེས་བྱའི་བདག་དབང་གི་བྱ་གཞག་འཕེལ་རྒྱས་ལེགས་པོ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་13ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། 2018ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ཤེས་བྱའི་བདག་དབང་གཙོ་བོའི་དམིགས་ཚད་མགྱོགས་མྱུར་འཕར་ནས་འཕེལ་ཕྱོགས་བཟང་པོ་ཞིག་མངོན་པའི་ཁྲོད་རང་རྒྱལ་གྱིས་གསར་གཏོད་བྱས་པའི་ཁེ་བེད་བདག་ཐོབ་རེ་ཞུ་དང་དབང་ཆ་སྤྲོད་ཚད་ཁྲི་75.1དང་ཁྲི་21.7སོ་སོར་ཟིན་པ་དང་། ཚོང་རྟགས་ཐོ་འགོད་རེ་ཞུ་བྱེད་ཚད་ཁྲི་358.6ཟིན་པ། གསར་དུ་བདག་སྤྲོད་བྱས་པའི་ས་ཁམས་མཚོན་རྟགས་ཐོན་རྫས་10ལ་སྲུང་སྐྱོང་གི་རེ་ཞུ་བྱས་པ་བཅས་རེད།
            འདི་ནི་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་བསྐྱར་འཛུགས་བྱས་རྗེས་སྤྱི་ཚོགས་སུ་གཅིག་སྡུད་ཐོག་ཁེ་བེད་བདག་ཐོབ་དང་། ཚོང་རྟགས། ས་ཁམས་མཚོན་རྟགས་བཅས་དང་འབྲེལ་བའི་བསྡོམས་རྩིས་གྲངས་གཞི་ཁྱབ་བསྒྲགས་བྱས་པ་ཞིག་རེད། གྲངས་གཞི་ལས་མངོན་པར། དབང་ཆ་སྤྲད་ཟིན་པའི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཁྲི་21.7གྱི་ཁྲོད་རྒྱལ་ནང་གི་གསར་གཏོད་ཁེ་བེད་བདག་ཐོབ་ཁྲི་17.1ཡོད། རྒྱལ་ནང་གི་གསར་གཏོད་ཁེ་བེད་བདག་ཐོབ་ཀྱི་དབང་ཆ་སྤྲད་པའི་ཁྲོད་གོ་བབ་གསར་གཏོད་ཁྲི་15.9ཡོད་པ་དེས་93.2%བཟུང་བ་དང་གོ་བབ་མིན་པའི་གསར་གཏོད་ཁྲི་1.2ཡོད་པ་དེས་6.8%བཟུང་ཡོད། 2018ལོའི་ཟླ་6པའི་ཟླ་མཇུག་བར་རྒྱལ་ནང(ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཚུད་མེད)གི་ཁེ་བེད་བདག་ཐོབ་ཁྲི་147.5ཟིན་གྱི་ཡོད་པ་དང་མི་ཁྲི་རེར་ཁེ་བེད་བདག་ཐོབ་དབང་ཚད་10.6ཟིན་གྱི་ཡོད་པ་རེད།
           གཞན་ཡང་འདི་ལོའི་ལོ་སྟོད་དུ་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་《ཁེ་བེད་བདག་ཐོབ་མཉམ་ལས་ཆིངས་ཡིག་》(PCT)ལ་ཐུན་མོང་ཐོག་བདག་སྤྲོད་བྱས་ནས་གྲོས་འཆམ་བྱུང་བ་དང་དེའི་ཁྲོད་རྒྱལ་སྤྱིའི་ཁེ་བེད་བདག་ཐོབ་ཁྲི་2.30རེ་ཞུ་བྱས་པ་དེ་དུས་མཚུངས་ལས་6.3%འཕར་བ་དང་དེའི་ཁྲོད་ཀྱི་ཁེ་བེད་བདག་ཐོབ་ཁྲི་2.16རྒྱལ་ནང་ནས་བྱུང་བ་དང་དུས་མཚུངས་ལས་7.6%འཕར་ཡོད་པ་རེད།
           2018ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ཚོང་རྟགས་ཐོ་འགོད་རེ་ཞུ་བྱེད་ཚད་ཁྲི་358.6ཟིན་པ་དང་ཚོང་རྟགས་ཁྲི་306.5ལ་ཞིབ་བཤེར་བྱས་པ་རེད། 2018ལོའི་ཟླ་6པའི་ཟླ་མཇུག་བར་རིམ་རྩིས་བྱས་ན་རང་རྒྱལ་གྱི་ཚོང་རྟགས་རེ་ཞུ་བྱེད་ཚད་ཁྲི་3142.8ཟིན་པ་དང་ཐོ་འགོད་བྱེད་ཚད་ཁྲི་1939.5ཟིན་པ་དང་ནུས་ལྡན་ཚོང་རྟགས་རེ་ཞུ་བྱེད་ཚད་ཁྲི་1680.7ཟིན་ནས་ཆ་སྙོམས་ཁྲོམ་རའི་བྱེད་པོ་6.1ལ་ནུས་ལྡན་ཚོང་རྟགས་1ཡོད་པ་རེད། ས་ཁམས་མཚོན་རྟགས་ཀྱི་མཉམ་སྡེབ་ཚོང་རྟགས་ཞིབ་མཆན་བཀོད་ནས་ཚོང་རྟགས་4395ལ་ར་སྤྲོད་བྱས་པ་དེའི་ནང་ཕྱི་རྒྱལ་གྱི་ཚོང་རྟགས་171ཡོད་པ་དང་ཚོང་རྟགས་ཐོ་འགོད་ཞིབ་བཤེར་གྱི་དུས་འཁོར་ཟླ་8ནས་ཟླ་7བར་ཐུང་དུ་བཏང་བ་རེད།
            2018ལོའི་ལོ་སྟོད་དུ་རང་རྒྱལ་གྱིས་གསར་དུ་བདག་སྤྲོད་བྱས་པའི་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་10ལ་སྲུང་སྐྱོང་རེ་ཞུ་བྱས་པ་དང་། ས་ཁམས་མཚོན་རྟགས་སྲུང་སྐྱོང་གི་ཐོན་རྫས་46ལ་གསར་དུ་ཆོག་མཆན་སྤྲད་པ། གསར་དུ་ཞིབ་མཆན་བཀོད་ནས་བེད་སྤྱོད་བྱེད་པའི་ས་ཁམས་མཚོན་རྟགས་ཐོན་རྫས་ཀྱི་ཆེད་སྤྱོད་མཚོན་རྟགས་ཁེ་ལས་135ཡོད་པ་རེད།
           ངོ་སྤྲོད་བྱས་པར་གཞིགས་ན། 2018ལོའི་ལོ་སྟོད་ཀྱི་ཁེ་བེད་བདག་ཐོབ་དང་། ཚོང་རྟགས། ས་ཁམས་མཚོན་རྟགས་བཅས་ཀྱི་འབྲེལ་ཡོད་བསྡོམས་རྩིས་གྲངས་གཞིར་གཙོ་བོ་ཁྱད་ཆོས་4ཡོད་པ་སྟེ། གཅིག་ནི་རང་རྒྱལ་གྱི་ཤེས་བྱའི་བདག་དབང་གསར་གཏོད་བེད་སྤྱོད་ཆུ་ཚད་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། གཉིས་ནི་རྒྱལ་ནང་ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་མུ་མཐུད་བརྟན་དུ་ཕྱིན་པ། གསུམ་ནི་རང་རྒྱལ་ཁེ་ལས་ཀྱི་ཕྱི་རྒྱལ་གྱི་ཤེས་བྱའི་བདག་དབང་རེ་ཞུ་བྱེད་ཚད་བརྟན་པོའི་ངང་འཕར་བ། བཞི་ནི་རང་རྒྱལ་གྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།