འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་མི་ཁྲི་རེར་ཁེ་བེད་བདག་ཐོབ་དབང་ཚད་10.6ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་13ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཚེས་10ཉིན་གསར་འགོད་པར་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་2018ལོའི་དུས་ཚིགས་གསུམ་པའི་འཆར་ཅན་གྱི་གསར་འགྱུར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2018ལོའི་ཟླ་དྲུག་པའི་ཟླ་མཇུག་བར་རང་རྒྱལ་གྱི་རྒྱལ་ནང(ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཚུད་མེད)དུ་ཁེ་བེད་བདག་ཐོབ་ཀྱི་གྲངས་འབོར་ཁྲི་147.5ཟིན་པ་དེ་དག་མི་ཁྲི་རེར་ཁེ་བེད་བདག་ཐོབ་དབང་ཚད་10.6ཟིན་གྱི་ཡོད།
           2018ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ཁེ་བེད་བདག་ཐོབ་འདུན་ཞུའི་གྲངས་འབོར་ཁྲི་75.1དང་ཁེ་བེད་བདག་ཐོབ་ཁྲི་21.7རག་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་ཐེབས་པ་དང་། རྒྱལ་ཡོངས་ཀྱི་ཁེ་བེད་བདག་ཐོབ་ཀྱི་སྲིད་འཛིན་ཁྲིམས་འཛིན་གྱི་གྱོད་གཞི་ཐག་གཅོད་ཀྱི་གྲངས་འབོར་དུས་མཚུངས་ལས་29.5%འཕར་ནས་ཚོང་གཉེར་ཁོར་ཡུག་དང་གསར་གཏོད་ཁོར་ཡུག་བཟང་པོ་ཞིག་སྔར་བས་གཏོད་ཐུབ་པ་བྱུང་ཡོད།
           རྒྱལ་ནང་ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གནས་བབ་མུ་མཐུད་བརྟན་དུ་སོང་ཡོད། 2018ལོའི་ལོ་སྟོད་དུ་རྒྱལ་ནང་གི་ཁེ་བེད་བདག་ཐོབ་འདུན་ཞུ་བྱེད་མང་དུ་འགྲོ་བའི་ཐད་ཁེ་ལས་ཀྱིས་ལེགས་སྐྱེས་འབུལ་ཚད་66.9%ཟིན་པ་དང་། རྒྱལ་ནང་གི་ཁེ་བེད་བདག་ཐོབ་ཀྱི་གྲངས་འབོར་དང་བདག་ཚད་ཁྲོད་ཁེ་ལས་ཀྱིས་བཟུང་བའི་བསྡུར་ཚད་63.8%དང་67.2%སོ་སོར་ཟིན་ཡོད། 
           དེའི་ཁྲོད་ཧྭ་ཝུའེ་ལག་རྩལ་ཚད་ཡོད་ཀུང་སི་དང་། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི། ཀོང་ཏུང་ཨའོ་པོ་སྒུལ་བདེ་འཕྲིན་གཏོང་ཚད་ཡོད་ཀུང་སི་བཅས་ལོ་སྟོད་དུ་རྒྱལ་ནང(ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཚུད་མེད)གི་ཁེ་ལས་ཀྱི་ཁེ་བེད་བདག་ཐོབ་གྲངས་འབོར་ཁྲོད་མདུན་གྲལ་གྱི་ཨང་གསུམ་པར་སླེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།