འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་མེ་ཀུང་གཙང་པོ་སྒྲོལ་བའི་ཧ་ཅང་ཆེ་བའི་ཟམ་པའི་སྒྲོམ་གཞི་
    གཙོ་བོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཨར་སྐྲུན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་13ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཀྲུང་ལོའི་ལྕགས་ལམ་ལང་པོ་ལ་པང་གི་མེ་ཀུང་གཙང་པོའི་ཧ་ཅང་ཆེ་བའི་ཟམ་པའི་སྒྲོམ་གཞི་གཙོ་བོ་མཇུག་ཤོས་དེ་ས་གནས་དེ་གའི་དུས་ཚོད་ཚེས་10ཉིན་གྱི་མཚན་མོ་བདེ་བླག་ངང་ཨར་འདམ་ལུགས་རྒྱག་ལེགས་གྲུབ་ཟིན་པ་དེ་ལས་ཀྲུང་ལོའི་ལྕགས་ལམ་གྱི་མེ་ཀུང་གཙང་པོ་སྒྲོལ་བའི་ཧ་ཅང་ཆེ་བའི་ཟམ་པ་གཉིས་པོའི་སྒྲོམ་གཞི་གཙོ་བོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཨར་སྐྲུན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་མཚོན་པ་རེད།
            ཀྲུང་གོ་ལྕགས་ལམ་ཅུས་བརྒྱད་པའི་ཀྲུང་ལོའི་ལྕགས་ལམ་གྱི་དུམ་བུ་གསུམ་པའི་ཡན་ལག་ཁུལ་གསུམ་པས་མེ་ཀུང་གཙང་པོ་སྒྲོལ་བའི་ཧ་ཅང་ཆེ་བའི་ཟམ་པ་གཉིས་སྐྲུན་འགན་འཁུར་བ་དང་ཡན་ལག་ཁུལ་གསུམ་པའི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཐང་ཀའོ་ཡུན་གྱིས་ཚེས་10ཉིན་ལས་ཡུལ་གྱི་ས་གནས་ས་ཐོག་ཏུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཚེས་21ཉིན་སྒྲོམ་གཞི་ཁོད་སྙོམས་ནས་ཨར་འདམ་ལུགས་རྒྱག་བདེ་བླག་ངང་ལེགས་གྲུབ་ཐུབ་པ་ལས་ཀྲུང་ལོ་ལྕགས་ལམ་གྱི་མེ་ཀུང་གཙང་པོ་སྒྲོལ་བའི་ཧ་ཅང་ཆེ་བའི་ཟམ་པ་གཉིས་ཀྱི་སྒྲོམ་གཞི་གཙོ་བོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཨར་སྐྲུན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་སྟེ“ང་ཚོས་ལས་གྲྭའི་མཚམས་ཚིགས་གལ་ཆེན་གཞན་ཞིག་ལེགས་སྒྲུབ་བྱས་པ་དང་སྒྲོམ་གཞི་ཁོད་སྙོམས་ནས་ཨར་འདམ་ལུགས་རྒྱག་ལེགས་གྲུབ་བྱུང་བ་དེས་འདི་ལོའི་འབྲུབ་དུས་མ་ཤར་གོང་ཟམ་གདན་གཙོ་བོ་ཚང་མ་ཆུ་ལས་དོན་ཐུབ་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
            དེ་གོང་ཀྲུང་ལོའི་ལྕགས་ལམ་གྱི་མེ་ཀུང་གཙང་པོ་སྒྲོལ་བའི་ཧ་ཅང་ཆེ་བའི་ཟམ་པ་གཞན་ཞིག་ཡིན་པའི་པན་ན་ཧན་མེ་ཀུང་གཙང་པོའི་ཧ་ཅང་ཆེ་བའི་ཟམ་པའི་སྒྲོམ་གཞི་མཇུག་ཤོས་དེའི་ཨར་འདམ་ལུགས་རྒྱག་པའི་ལས་དོན་ཚེས་4ཉིན་ལེགས་གྲུབ་བྱུང་བ་རེད།
           ཀྲུང་ལོའི་ལྕགས་ལམ་བྱང་གི་ཀྲུང་ལོའི་མཐའ་མཚམས་ནས་ལྷོ་ལོ་སིའི་རྒྱལ་ས་ཝན་ཐེན་དུ་སླེབས་ནས་རིང་ཚད་ཡོངས་ལ་སྤྱི་ལེ་400ལྷག་ཙམ་ཟིན་པ་དང་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160ཇུས་འགོད་བྱས་པ་དེ་ནི་ཀྲུང་གོ་ཕྱོགས་ཀྱིས་གཙོ་བོ་བྱས་ནས་མ་འཇོག་འཛུགས་སྐྲུན་དང་ཐུན་མོང་ཐོག་གཉེར་སྐྱོང་བྱས་པ་དང་འབྲེལ་ཀྲུང་གོ་ལྕགས་ལམ་དྲ་བ་ཐད་ཀར་འབྲེལ་མཐུད་བྱེད་པའི་ས་མཚམས་ཕྱི་རོལ་གྱི་ལྕགས་ལམ་རྣམ་གྲངས་དང་པོ་དེ་ཡིན་ཞིང་། ལམ་ཐིག་ཡོངས་སུ་ཀྲུང་གོའི་ལག་རྩལ་གྱི་ཚད་གཞི་སྤྱད་པ་དང་ཀྲུང་གོའི་སྒྲིག་ཆས་བཀོལ་སྤྱོད་བྱས་ཏེ་2016ལོའི་ཟླ་12པར་སྐྲུན་འགོ་བཙུགས་ཏེ་2021ལོའི་ཟླ་12པར་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།