འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ལྷོ་སུའུ་ཏན་དུ་སྐྱོད་མཁན་ཞི་བདེ་སྲུང་སྐྱོང་རྐང་དམག་ཡིང་གིས་སྔོན་གཤེགས་དཔའ་བོར་
    མཆོད་འབུལ་བྱེད་པའི་བྱེད་སྒོ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་13ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཀྲུ་པ་ནས་གནས་ཚུལ་སྤེལ་བར། ཀྲུང་གོའི་ལྷོ་སུའུ་ཏན(ཀྲུ་པ)རུ་སྐྱོད་མཁན་ཞི་བདེ་སྲུང་སྐྱོང་རྐང་དམག་ཡིང་ཁག་བཞི་པའི་དཔོན་དམག་གིས་ཚེས་10ཉིན་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱེད་པའི་བྱེད་སྒོ་སྤེལ་ནས་ལོ་གཉིས་གོང་ལྷོ་སུའུ་ཏན་གྱི་ཞི་བདེ་སྲུང་སྐྱོང་བྱ་ཆེད་སྐུ་གཤེགས་པའི་འཐབ་གྲོགས་ལི་ལེ་དང་ཡང་ཧྲུའུ་ཕུང་ལ་སྙིང་དབུས་ནས་དྲན་གསོ་ཞུས་པ་རེད།
            ལྷོ་སུའུ་ཏན་གྱི་རྒྱལ་ས་ཀྲུ་པར་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷོ་སུའུ་ཏན་གྱི་ཆེད་མངགས་ཚོགས་པའི་སྤྱི་ཁྱབ་པུའུ་ཡི་སྒར་ཁུལ་གྱི་ཐང་ཆེན་དུ་མྱ་ངན་ཞུ་བའི་ཡི་གེ་རེ་རེ་བཞིན་ལས་མི་ཚོའི་གོང་བཀུར་དང་མྱ་ངན་གྱི་བསམ་པ་མཚོན་ཡོད། དར་ཆ་ཕྱེད་ཀ་ཕབ་ནས་མྱ་ངན་ཞུས་རྗེས་སྒྲ་གདངས་དམའ་བའི་《མེ་ཏོག་འབུལ་བའི་རོལ་དབྱངས་》དང་སྦྲགས་མི་ཚང་མས་གུས་འདུད་ཞུས་པ་དང་ངག་བསྡམས་ནས་མྱ་ངན་ཞུས་ཏེ་སྔོན་གཤེགས་དཔའ་བོར་བླ་ན་མེད་པའི་གུས་འདུད་དང་སེམས་སྡུག་ཆེན་པོས་མྱ་ངན་ཞུས་པ་རེད།
            2016ལོའི་ཟླ་7ཚེས་10ཉིན་ལྷོ་སུའུ་ཏན་གྱི་སྲིད་གཞུང་དམག་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་དབར་རྒྱལ་ས་ཀྲུ་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷོ་སུའུ་ཏན་གྱི་ཆེད་མངགས་ཚོགས་པའི་སྤྱི་ཁྱབ་པུའི་སྒར་ཁུལ་ཉེ་འགྲམ་དུ་དྲག་ཆས་གདོང་ཐུག་ཐོན་ནས་ཕྱོགས་གཉིས་དབར་དམག་འཁྲུག་དྲག་པོ་བརྒྱབ་པ་རེད། ལྷོ་སུའུ་ཏན(ཀྲུ་པ)དུ་སྐྱོད་མཁན་ཞི་བདེ་སྲུང་སྐྱོང་རྐང་དམག་ཡིང་གི་ཀྲུང་གོའི་རྐང་འཐབ་རླངས་འཁོར་ཨང་105ཁག་གཉིས་པས་ལས་འགན་སྒྲུབ་སྐབས་སྒྱོགས་མདེལ་ཕོག་ནས་རླངས་འཁོར་ནང་གི་ལི་ལེ་དང་ཡང་ཧྲུའུ་ཕུང་གཟི་བརྗིད་ལྡན་པའི་ངང་སྐུ་གཤེགས་པ་དང་། ཁོང་གཉིས་ཀྱིས་ཚེ་སྲོག་ལ་བརྟེན་ནས་དམག་མིའི་གཟི་བརྗིད་མཚན་སྙན་སྲུང་སྐྱོང་བྱས་པ་དང་བྱ་སྤྱོད་ལ་བརྟེན་ནས་འཇིག་རྟེན་སྐྱེ་བོར་ཀྲུང་གོའི་དམག་མིའི་འགན་འཁྲི་དང་འགན་འཁུར་བའི་བསམ་པ་མཚོན་པར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།