འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འཐུས་མིས་ཀྲུང་གོའི་གསར་གཏོད་འཇོན་ཐང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་
    རྒྱབ་སྐྱོར་བྱེད་ཐུབ་ཅེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་13ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཚེས་10ཉིན་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་དོན་གཅོད་ཁང་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་མི་ཡུས་ཅན་ཧྭས། གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་བང་རིམ་ནང་གི་ཀྲུང་གོའི་དགེ་མཚན་ལྡན་པའི་འགྱུར་ལྡོག་ལས་ཀྲུང་གོའི་གསར་གཏོད་འཇོན་ཐང་གིས“ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཡོངས་སུ་ཐུབ་པ”ར་འཕྲོད་བྱུང་ཡོད་ཅེས་བརྗོད།
           གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཡུས་ཅན་ཧྭས། འཛམ་གླིང་གི་ཤེས་བྱའི་བདག་དབང་རྩ་འཛུགས་སོགས་ཀྱིས་ཚེས་10ཉིན་ཁྱབ་བསྒྲགས་བྱས་པའི་2018ལོའི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཀྱི་སྙན་ཞུ་ལས་གོ་ལ་ཧྲིལ་པོའི་ཀྲུང་གོའི་གསར་གཏོད་བང་རིམ་མུ་མཐུད་མཐོ་རུ་སོང་ཡོད་པ་སྟེ་2017ལོའི་ཨང་22པ་ནས་ཨང་17པར་འཕར་ཏེ་ཨང་མདུན་གྲལ་20ཡི་ནང་ཚུད་པའི་ཡོང་འབབ་འབྲིང་བའི་དཔལ་འབྱོར་སྒྲིག་གཞི་ཐོག་མ་འབའ་ཞིག་དེ་ཡིན་པ་མཚོན་ཡོད། ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། གོ་ལ་ཧྲིལ་པོའི་ཀྲུང་གོའི་གསར་གཏོད་སྟོན་གྲངས་བང་རིམ་ཨང་17པར་འཕར་ཏེ་ཕྱོགས་ཅིག་ནས་ཀྲུང་གོར་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་དང་དགའ་འོས་པ་ཐོབ་པ་མངོན་ཡོད་ཅེས་བརྗོད།
           ཁོང་གིས། ཀྲུང་གོར་གསར་གཏོད་ཀྱི་གཙོ་ཁྲིད་དབང་ཆ་དང་འཕེལ་རྒྱས་ཀྱི་གཙོ་ཁྲིད་དབང་ཆར་སྟངས་འཛིན་ཐུབ་པའི་འཇོན་ཐང་ལྡན་ཡོད། འདས་པའི་ལོ་40རིང་ཀྲུང་གོའི་འཕེལ་རྒྱས་མྱུར་བ་དང་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཐད་ཀྱི་ཀྲུང་གོའི་དགེ་མཚན་ལྡན་པའི་འགྱུར་ལྡོག་གིས་དོན་དེ་གསལ་བཤད་གང་ལེགས་བྱས་ཡོད། གལ་སྲིད་ལག་རྩལ་སྒེར་སྡེམ་དང་། རྩོད་རྙོག་སློང་བ། ཀྲུང་གོའི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་བ་བཅས་བྱེད་འདོད་མཁན་ཡོད་ཚེ། དེ་ནི་འགྲུབ་མི་ཐུབ་རེད་ཅེས་བརྗོད།
           2018ལོའི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་གཞི་126གི་གསར་གཏོད་འཇོན་ཐང་ལ་ཚད་འབེབས་དཔྱད་དཔོག་བྱས་པ་དང་། དཔྱད་དཔོག་གི་དམིགས་ཚད་ནང་ཤེས་བྱའི་བདག་དབང་འདུན་ཞུ་དང་། སྒུལ་བདེ་བེད་སྤྱོད་གསར་གཏོད། སློབ་གསོའི་གཏོང་སྒོ། ཚན་རྩལ་དཔེ་སྐྲུན་དངོས་པོ་སོགས་ཁག་80ཚུད་ཡོད། སྙན་ཞུ་ལས་སུའེ་ཙེར་དང་། ཧོ་ལན། སུའེ་ཏེན་བཅས་མདུན་གྲལ་གསུམ་ལ་མུ་མཐུད་གནས་པ་དང་། 2017ལོ་དང་བསྡུར་ན་དབྱིན་ཇི་རིམ་པ་1འཕར་ནས་བང་རིམ་ཨང་4པར་གནས་ལ་ཨ་རི་ནི་ཨང་4པ་ནས་ཨང་6པར་ཟགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།