འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།སྐམ་དམག་གིས་སྟོབས་ཤུགས་རིགས་གསར་པ་ལྔའི་དྲག་རྩལ་འགྲན་བསྡུར་ཐེངས་དང་པོ་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་13ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། སྐམ་དམག་གིས“ཐོལ་བྱུང་དམག་དཔུང”རིགས་ཀྱི་སྟོབས་ཤུགས་གསར་པའི་དྲག་རྩལ་འགྲན་བསྡུར་ཚེས་9ཉིན་ཀྲུའུ་རི་ཧོ་མཉམ་འབྲེལ་སྦྱོང་བརྡར་རྟེན་གཞིར་བྱེད་འགོ་ཚུགས་པ་དང་། སྐམ་དམག་གིས་གསང་བའི་གནས་ཚུལ་མྱུལ་ཞིབ་དང་། དམིགས་བསལ་གཡུལ་འགྱེད། ཆ་འཕྲིན་འགན་སྲུང་། གློག་རྡུལ་འགྲན་རྒོལ་སོགས་ཀྱི་སྟོབས་ཤུགས་རིགས་ལྔ་ཚུད་པའི་དྲག་རྩལ་འགྲན་བསྡུར་རབ་དང་རིམ་པ་ཐེངས་དང་པོ་བྱས་ཤིང་། དེའི་དམིགས་ཡུལ་ནི་དམག་འཐབ་ཀྱི་སྟོབས་ཤུགས་གསར་པ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་སྐམ་དམག་ཕྱོགས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད།
            “དྲག་རྩལ་འགྲན་བསྡུར་རབ་དང་རིམ་པ་ཉིན་10ཞིང་ཆེན་དང་གྲོང་ཁྱེར་ལྔ་རུ་མཉམ་དུ་བྱ་རྒྱུ་རེད”ང་ཚོས་རྩ་འཛིན་གསར་པ་གཞི་འཛིན་སར་བྱས་ཐོག་དངོས་འཐབ་ཀྱི་བླང་བྱ་དང་དམག་འཐབ་ཀྱི་ཆོས་ཉིད་ལྟར་འགྲན་བསྡུར་ཇུས་གཞི་བཟོས་ཡོད་པ་དང་། འགྲན་བསྡུར་གྱི་རྣམ་གྲངས་བཀོད་སྒྲིག་ཐད་གཡུལ་སར་དམིགས་ནས་འཇོན་ཐང་བརྟག་དཔྱད་བྱ་རྒྱུ་འབུར་དུ་ཐོན་པར་བྱས་ཡོད། འགྲན་བསྡུར་གྱི་བརྒྱུད་རིམ་ཧྲིལ་པོར“ནན་པོ་དང་། ཚད་ལྡན། དྲང་སྙོམས། བདེ་འཇགས་བཅས”ཀྱི་རྩ་དོན་ཁྱབ་པར་བྱས་ཡོད། སྒྲིག་ཨུད་ཀྱིས་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་ཀྱི་ཡོད་པ་མ་ཟད་འགྲན་བསྡུར་གྱི་གནས་ཚུལ་དངོས་ཀྱི་བརྙན་ཕབ་འབྲེལ་ཡོད་རིགས་ཁག་གི་དཔུང་སྡེར་བསྐུར་ནས། རྒྱ་ཆེའི་དཔོན་དམག་ཚོའི་དམག་སྦྱོང་གི་སྤྲོ་སེམས་འཕེལ་བར་བྱས་ཏེ། སྐམ་དམག་གི་དམག་འཐབ་སྟོབས་ཤུགས་གསར་པ་འཛུགས་སྐྲུན་བྱ་རྒྱུར་སྟོན་ཕྱོགས་གསལ་པོ་མཁོ་འདོན་བྱ་རྒྱུ་རེད་ཅེས་སྐམ་དམག་ཚན་མོའུ་པུའི་འགན་འཁུར་བས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།