འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།“མེས་པོས་བཞག་པའི་མངའ་ཁོངས་ཀྱི་ས་ཆ་སྦར་མོ་གང་ཡང་གཏན་ནས་ཤོར་དུ་འཇུག་
    གི་མིན”ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་10ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་6ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་གྲོ་མོ་རྫོང་ཕག་རི་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་བཀྲ་ཤིས་དང་ལོ་67ལ་སླེབས་པའི་ཏང་ཡོན་རྒན་གྲས་འབྲོག་ཁུལ་གྱི་ཧྲུའུ་ཅི་དང་པོ་ཐུབ་བསྟན་གྱིས་ས་བབ་སྨི་5000ཙམ་ཟིན་པའི་རི་མཐོ་ཐེངས་མང་བརྒལ་ནས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་144ཡི་མཐའ་མཚམས་འབྲོག་རར་བསྐྱོད་ནས་དེ་གར་ཕྱུགས་རྫི་ཏང་ཡོན་7དང་འབྲོག་པ་ཁ་ཤས་ལ“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཏང་གི་སློབ་ཚན་འཁྲིད་པ་རེད།
         “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྨད་ཤང་གི་འབྲོག་མོ་སྒྲོལ་དཀར་དང་གཡང་འཛོམས་ལ་སྤྲིངས་པའི་འཕྲིན་ལན་ནང་ང་ཚོས་མེས་རྒྱལ་མཐའ་མཚམས་ཀྱི་རི་ཀླུང་ཚང་མ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་འཁོད་ཡོད། ད་ཆ་ང་ཚོ་མཐའ་མཚམས་ཀྱི་འབྲོག་པ་ཚོ་སྦྲ་གུར་ལས་བྲལ་ནས། སྒྲིག་སྦྱོར་རྣམ་པའི་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་བ་མ་ཟད། རླངས་འཁོར་བཏང་ནས་ཕྱུགས་འཚོ་བ་དང་། ཉི་གློག་བཏང་ནས་ཇ་བསྲུབ་རྒྱུ་ཡོད་པ་བཅས་ནི་ཏང་ཀྲུང་དབྱང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཐའ་མཚམས་ལ་ཐུགས་ཁུར་གནང་བའི་མཚོན་ཚུལ་ཞིག་རེད”ཅེས་བཀྲ་ཤིས་ཀྱིས་བོད་སྐད་ཀྱི་ཐོག་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་སྐོར་གྱི་ཚོགས་ཆེན་བཅུ་དགུ་པའི་ནང་དོན་ཞིབ་པར་གླེང་རྗེས་གསར་འགྱུར་དང་མཐའ་མཚམས་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལ་འགྱུར་ལྡོག་འགྲོ་ཚུལ་དང་ཟུང་འབྲེལ་བྱས་ནས་ཁ་བརྡ་ལྷུག་པོར་གློད། དབྱར་གང་མོར་འདི་གར་ཕྱུགས་རྫི་ཏང་ཡོན་11དང་འབྲོག་པ་མང་ཚོགས་རྩྭ་ཐང་ཐོག་སྒོར་སྒོར་བྱས་ནས་བསྡད་དེ་བཀྲ་ཤིས་དང་ཐུབ་བསྟན་གྱི་འགྲེལ་བཤད་ནན་ཏན་ངང་ཉན་པ་མ་ཟད། དུས་ངེས་མེད་ངང་གཏམ་ལྕེབས་ཡང་ཡང་གནང་བ་དང་འདྲི་བའང་བཏོན།
         ས་ཁྱོན་སྤྱི་ལེ་ངོས་གྲུ་144ཙམ་ཡོད་པའི་སྐྱིད་སྦུག་འབྲོག་ར་ནི་དབྱར་དུས་ཀྱི་འབྲོག་རའི་ཁོངས་སུ་གཏོགས། ལོ་ལྟར་གྱི་ཟླ་5པའི་ཟླ་སྟོད་ནས་ཟླ་11པའི་ཟླ་སྨད་བར་ཕག་རི་གྲོང་རྡལ་གྱི་འབྲོག་དུད་བཅུ་གྲངས་ཁ་ཤས་ཀྱིས་ཁོང་ཚོའི་མེས་པོ་ཚོ་དང་འདྲ་བར་འབྲི་གཡག་རྩྭ་ཆུ་འཛོམས་པའི་རོང་ཡུལ་དུ་དེད་ནས་དེ་གར་ཟླ་བ་དྲུག་བདུན་ཙམ་འཚོ་བ་སྐྱེལ་གྱི་ཡོད་པ་དང་། རི་བོ་དང་རྩྭ་ཐང་གངས་འཁྱགས་ཀྱིས་བསྡམས་རྗེས་གཞི་ནས་གྲོང་ཚོར་དགུན་སྒྲོལ་བྱེད་པར་ལོག་ཡོང་གི་ཡོད།
         “མེས་པོས་བཞག་པའི་མངའ་ཁོངས་ཀྱི་ས་ཆ་སྦར་མོ་གང་ཡང་གཏན་ནས་ཤོར་དུ་འཇུག་གི་མིན་ལ། གཞན་གྱི་དངོས་པོ་གང་ཡང་ང་ཚོར་གཏན་ནས་དགོས་དོན་མེད”ཅེས་ལོ་60ལ་སླེབས་པའི་ཏང་ཡོན་དཀོན་མཆོག་ཚེ་རིང་གིས་བཤད། ཁོང་གིས་རང་ཉིད་ཧ་གཉིད་གོ་བ་ནས་བཟུང་། ཕ་མ་དང་མཉམ་དུ་སྐྱིད་སྦུག་འབྲོག་རར་ཕྱུགས་འཚོ་བར་ཕྱིན་པ་ཡིན། “ད་ཆ་ཏང་དང་རྒྱལ་ཁབ་ཀྱིས་ང་ཚོ་མཐའ་མཚམས་འབྲོག་པའི་ཐོན་སྐྱེད་དང་འཚོ་བར་ལྟ་རྟོག་ཧ་ཅང་ཆེན་པོ་གནང་སྟེ། ཕྲུ་གུ་སློབ་གྲྭར་སྐྱོད་པར‘འགན་ལེན་གསུམ’གྱི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཕོ་མོ་རྒན་གཞོན་ཚང་མ་ན་ཚ་ལྟ་བར་ཡང་འགན་ལེན་ཡོད་པས། ང་ཚོས་མེས་རྒྱལ་གྱི་རི་ཀླུང་ཚང་མར་སྲུང་སྐྱོང་ཡག་པོ་མི་བྱེད་ག་ལ་སྲིད”ཅེས་བཤད།
        ལོ་58ལ་སླེབས་པའི་འབྲོག་པ་བསམ་གྲུབ་འདི་ལོའི་ཟླ་7ཚེས་1ཉིན་གཞི་ནས་གྲ་སྒྲིག་ཏང་ཡོན་ལ་ཆོག་མཆན་གནང་བ་རེད། “འདི་ལོ་གཞི་ནས་ཏང་ནང་ཞུགས་ཐུབ་བྱུང་། མཐའ་མཚམས་ས་ཁུལ་གྱི་འབྲོག་པ་ཞིག་ལ་མཚོན་ན། ཕྱུགས་འཚོ་ནས་མཐའ་མཚམས་སྲུང་སྐྱོང་བྱེད་པའི་འགན་འཁྲི་ལྕི་པོ་ཡོད། ང་ཚོས་ངེས་པར་དུ་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཡག་པོ་བྱས་ཏེ་རྒྱལ་ཡོངས་མི་དམངས་ལ་དེ་བས་མང་བ་དང་དེ་བས་སྤུས་ལེགས་ཀྱི་ཕག་རིའི་འབྲི་གཡག་མཁོ་འདོན་བྱ་རྒྱུ་ཡིན”ཞེས་བསམ་གྲུབ་ཀྱིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།