འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཝུའུ་ཁྲང་མེ་འཁོར་བབས་ཚུགས་ཀྱིས་སྤ་སེ་སྒོ་རྩར་བསྐྱལ་ནས་བོད་རིགས་སློབ་མ་ཕ་ཡུལ་
    དུ་ལོག་བདེ་ཡོང་བ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་10ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་4ཉིན་ཧུའུ་པེ་ཞིང་ཆེན་ཧོང་ཀང་ལིང་ཧུའུ་མཐོ་རིམ་སློབ་འབྲིང་གི་བོད་རིགས་དགེ་སློབ་600ཡིས་ཆེད་མངགས་ཁོང་ཚོར་དབྱར་གསེང་ལ་ཕ་ཡུལ་དུ་ལོག་པའི་མེ་འཁོར་སྤ་སེ་སྐྱེལ་བར་ཡོང་བའི་ཝུའུ་ཁྲང་མེ་འཁོར་བབས་ཚུགས་ཀྱི་ལས་དོན་མི་སྣ་བསུས་པ་རེད། དེ་ནི་ཝུའུ་ཁྲང་མེ་འཁོར་བབས་ཚུགས་ཀྱིས་ལོ་བཞི་བསྟུད་མར་སློབ་གྲྭ་དེའི་སློབ་མར་གུང་གསེང་ལ་མཚོ་སྔོན་ཡུལ་ཤུལ་དུ་ལོག་པའི་ཚོགས་པའི་མེ་འཁོར་སྤ་སེ་སྒོ་རྩར་བསྐྱལ་བ་ཞིག་རེད།
         ཝུའུ་ཁྲང་མེ་འཁོར་བབས་ཚུགས་ཀྱི་འགན་ཁུར་བས་མེ་འཁོར་བབས་ཚུགས་ཀྱིས་ལོ་ལྟར་ཧོང་ཀང་ལིང་ཧུའུ་མཐོ་རིམ་སློབ་འབྲིང་དང་། ཝུའུ་ཧན་བོད་ལྗོངས་སློབ་འབྲིང་། ཝུའུ་ཧན་གྲོང་ཁྱེར་སློབ་འབྲིང་ཞེ་དགུ་པ། ཝུའུ་ཧན་ཧུང་ཧྲན་མཐོ་རིམ་སློབ་འབྲིང་སོགས་སློབ་གྲྭ་4ཡི་བོད་རིགས་སློབ་མ་1500ལ་སྒོ་རྩར་མེ་འཁོར་སྤ་སེ་བསྐྱལ་བ་དང་སྦྲགས་ཆེད་སྤྱོད་བགྲོད་ལམ་དང་། མེ་འཁོར་སྒུག་ས་ཆེད་མངགས་བཟོས་ནས་ཞབས་ཞུའི་སྟེགས་བུའི་ཆེད་མིས་ཞབས་འདེགས་ཞུས་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།