འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོའི་ནད་ཆེན་ཆེད་དོན་སྐྱོབ་བཅོས་ཀྱི་ནད་
    རིགས་19བར་མང་དུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་10ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཞིང་འབྲོག་ཁུལ་གྱི་ནད་པའི་ཁུར་པོ་སྔར་བས་ཡང་དུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོའི་ནད་ཆེན་ཆེད་དོན་སྐྱོབ་བཅོས་ཀྱི་ནད་རིགས་19བར་མང་དུ་བཏང་ནས་ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོའི་དབུལ་སྒྲོལ་གྱི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ལེགས་སྒྲིག་བྱས་པའི་འགན་ལེན་བྱ་ཡུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ཁུལ་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཡིན་པ་རེད། མིག་སྔར་ཞིང་འབྲོག་ཁུལ་གྱི་མི་འབོར་དབུལ་པོའི་ནད་ཆེན་ཆེད་དོན་སྐྱོབ་བཅོས་ཀྱི་ནད་རིགས་14ཡི་རྨང་གཞིའི་ཐོག་གློ་བའི་འབྲས་སྐྲན་དང་། ནུ་མའི་འབྲས་སྐྲན། བུ་སྣོད་ཀྱི་འབྲས་སྐྲན། བྱིས་པའི་འབྲས་སྐྲན(ནད་རིགས་ཀྱི་མིང་ཚོད་འཛིན་མེད་པ) རྡུལ་གྲིབ་གློ་ནད་བཅས་ནད་རིགས་5མང་དུ་བཏང་ཡོད།
         མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་འཆར་བཙའ་ཨུ་ལྷན་སྨན་སྲིད་སྨན་བཅོས་དོ་དམ་ཅུས་ཀྱི་བརྟག་ཞིབ་པ་ལིའུ་ཅན་ཧྭ་ཡིས་ངོ་སྤྲོད་བྱས་པར། མཚོ་སྔོན་གྱིས་ནད་ཆེན་ཆེད་དོན་སྐྱོབ་བཅོས་ཀྱི་ནད་རིགས་ཐད་ནད་ཐོག་ཐབས་ལམ་གྱི་དོ་དམ་ལག་བསྟར་བྱས་ནས་སྨན་བཅོས་ཀྱི་འགྲོ་གྲོན་ཚོད་འཛིན་བྱེད་པ་དང་ཆབས་ཅིག་གཞི་རྩའི་སྨན་བཅོས་འགན་ལེན་དང་། ནད་ཆེན་འགན་བཅོལ། སྨན་བཅོས་སྐྱོབ་རོགས་སོགས་ལམ་ལུགས་ཀྱི་སྦྲེལ་མཐུད་འགན་ལེན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མང་ཚོགས་དབུལ་པོའི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་རེད། སྐྱོབ་བཅོས་ཀྱི་ཆ་རྐྱེན་དང་འཚམ་པའི་མི་འབོར་དབུལ་པོར་གཅིག་སྡུད་དོ་དམ་དང་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ་ནད་རིགས་ལ་གཞིགས་ནས་གཅིག་སྡུད་ཉར་བཅོས་ལག་བསྟར་བྱེད་པ་དང་ལོ་འདིའི་ནང་སྐྱོབ་བཅོས་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།