འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་འགན་བཅོལ་ལས་རིགས་ཀྱིས་གོ་ལ་ཧྲིལ་པོའི་འགན་བཅོལ་བྱང་བུ་བཤེར་
    ལམ་ཐོག་མ་བཏོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་10ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2018ལོའི“7·8རྒྱལ་ཡོངས་འགན་བཅོལ་སྤྱི་དམངས་ཀྱི་དྲིལ་བསྒྲགས་ཉིན་མོའི”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཀྲུང་གོ་འགན་བཅོལ་ལས་རིགས་མཐུན་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་འཛད་སྤྱོད་པའི་འགན་བཅོལ་ཤོག་བྱང་གཅིག་གྱུར་ཐོག་བཤེར་བའི་ཐབས་ལམ་ཐོག་མ་ཁྱབ་བསྒྲགས་བྱས་ཤིང་། དེ་འགན་བཅོལ་ཞབས་ཞུའི་སྦྲེལ་ཐག་ཧྲིལ་པོར་ཁྱབ་པའི་སྤྱི་ཕན་རང་བཞིན་གྱི་དྲ་རྒྱའི་ལས་སྟེགས་ཏེ། ཀྲུང་གོའི་འགན་བཅོལ་མ་ལུས་ཀུན་ཤེས་རེད། མ་ལག་དེར་འགན་བཅོལ་བྱང་བུ་བཙལ་འཚོལ་དང་། ཆེད་ལས་ཀྱི་བློ་འདྲི། ཐོན་རྫས་འགྲེམས་སྟོན། དགོས་མཁོར་དབྱེ་ཞིབ། གུན་གསབ་ཁྲིད་སྟོན་བཅས་ཀྱི་ནུས་པ་ཆེན་པོ་ལྔ་ལྡན་པས། འཛད་སྤྱོད་པས་ལག་ཐོགས་ཁ་པར་གྱི་མཉེན་ཆས་ཕབ་ལེན་བྱས་ཚེ་རང་དགར་བཙལ་འཚོལ་བྱེད་ཐུབ།
         ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ལས་སྟེགས་དེར་རྒྱལ་ཡོངས་ཀྱི་འགན་བཅོལ་ཀུང་སི་166གི་ཞབས་འདེགས་པ་1500ལྷག་ཙམ་གྱིས་འཛད་སྤྱོད་པར་དམིགས་སའི་རང་བཞིན་གྱི་ཐོན་རྫས་ཞབས་ཞུའི་བློ་འདྲི་མཁོ་འདོན་བྱེད་ཀྱི་ཡོད་པ་རེད། ལས་སྟེགས་ཀྱིས་འགན་བཅོལ་ཀུང་སི་མང་པོའི་ཟུར་ཚད་མི་འདྲ་བའི་རིག་ནུས་དཔེ་དབྱིབས་ལེགས་འདེམས་བྱས་ནས་འཛད་སྤྱོད་པའི་བསམ་ཡུལ་ལས་འདས་པའི་གནོད་འཚེའི་འགན་བཅོལ་དང་། སྲོག་རྟེན་འགན་བཅོལ་དཀྱུས་མ། བདེ་ཐང་འགན་བཅོལ་བཅས་དང་དེ་བཞིན་ཁྱིམ་ཚང་གི་དངུལ་ལོར་བདག་གཉེར་སོགས་ཕྱོགས་མང་པོའི་དགོས་མཁོ་དང་། འཛད་སྤྱོད་བྱེད་ནུས། ཉེན་ཁ་ཚོད་འཛིན་བྱེད་ནུས་བཅས་ལ་ཚོད་སྐོར་དང་སྙོམ་སྒྲིག་བྱེད་རྒྱུ་རེད། འགན་བཅོལ་འཇལ་ཟིན་པའི་འཛད་སྤྱོད་པས་ལས་སྟེགས་དེ་བརྒྱུད་ནས་འགན་བཅོལ་བྱང་བུའི་རྣམ་པ་བཙལ་འཚོལ་ཐུབ་པ་དང་འབྲེལ་འགན་བཅོལ་བྱང་བུའི་ཆ་འཕྲིན་ལ་དོ་དམ་བྱེད་ཐུབ། ལས་སྟེགས་ཀྱིས་རྒྱལ་ཡོངས་ཀྱི་འགན་བཅོལ་ཀུང་སི་150ཡི་སྒེར་གཉེར་གུན་གསབ་དྲ་ཚིགས་ལ་གནད་སྨིན་ངེས་གནས་ཐོག་མར་བྱེད་རྒྱུ་ཡིན་པས། འཛད་སྤྱོད་པའི་སྡོད་གནས་གཞིར་བཟུང་ཉེ་འགྲམ་གྱི་གུན་གསབ་དྲ་ཚིགས་ཁྲིད་སྟོན་བྱེད་ཐུབ།
         ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནི“7·8རྒྱལ་ཡོངས་འགན་བཅོལ་གྱི་སྤྱི་དམངས་དྲིལ་བསྒྲགས་ཉིན་མོ”ཐེངས་དྲུག་པ་དང་། ཀྲུང་གོ་དངུལ་ཁང་འགན་བཅོལ་ལྟ་སྡོམ་ཨུ་ལྷན་བཙུགས་རྗེས་ཀྱི་སྤྱི་དམངས་ཀྱི་དྲིལ་བསྒྲགས་ཉིན་མོ་ཐོག་མ་དེ་རེད། “མཛེས་སྡུག་སྲུང་དགོས་ན་འགན་ལེན་ནས་འགོ་འཛུགས་དགོས”ཞེས་པའི་ལོ་འཁོར་གྱི་བརྗོད་དོན་གཙོ་བོར་དམིགས་ནས་ཀྲུང་གོ་འགན་བཅོལ་ལས་རིགས་མཐུན་ཚོགས་ཀྱིས་ལས་རིགས་ཧྲིལ་པོ་སྒྲིག་འཛུགས་བྱས་ནས“7·8འགན་བཅོལ་དབུལ་སྐྱོར་བརྟན་པོར་བྱེད”ཅེས་པའི་དབུལ་སྐྱོར་སྤྱི་ཕན་བྱེད་སྒོ་དང“འགན་ལེན་བྱས་རྗེས་ཀྱི་གཏམ་རྒྱུད”ཅེས་པའི་འགན་བཅོལ་སྒོ་དབྱེའི་ཉིན་མོ་སོགས་ཀྱི་མང་ཚོགས་རང་བཞིན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་འགན་བཅོལ་གྱི་བསམ་བློ་དང་འགན་བཅོལ་དབུལ་སྐྱོར་གྱི་བསམ་བློ་དྲིལ་བསྒྲགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།