འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ནགས་ལས་ཐོན་ལས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་བདུན་ལས་བརྒལ།

    མི་ཁྲི་5200ལས་ཞུགས་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་10ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སྣོད་བཅུད་ཤེས་དཔལ་གྱི་ཀུའེ་དབྱང་རྒྱལ་སྤྱིའི་གླེང་སྟེགས་2018ལོའི་ལོ་ཚོགས་ཀྱི“ལྗང་མདོག་ཐོན་ལས་དང་གྲོང་གསེབ་དར་རྒྱས”ཀྱི་བརྗོད་དོན་གཙོ་བོའི་གླེང་སྟེགས་ཐོག་ནས་ཤེས་རྟོགས་བྱས་པར། རང་རྒྱལ་གྱི་ནགས་ལས་ཐོན་ལས་བསྡོམས་འབོར་1994ལོའི་སྒོར་དུང་ཕྱུར་1337.5ནས་2017ལོའི་སྒོར་དུང་ཕྱུར་ཁྲི་བདུན་བར་འཕར་བ་དང་འབྲེལ་མི་ཁྲི་5200ལས་ཞུགས་བྱེད་པར་སྐུལ་ཁྲིད་ཐུབ་ཡོད་པ་རེད།
         རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་བསྡོམས་རྩིས་ལ་གཞིགས་ན། 2017ལོར་རང་རྒྱལ་གྱི་ནགས་ལས་ཐོན་ལས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་7.1ཟིན་པ་དང་ནགས་ལས་ཐོན་རྫས་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་བསྡོམས་འབོར་ཨ་སྒོར་དུང་ཕྱུར་1500ཟིན་ནས་འཛམ་གླིང་ཐོག་ནགས་ལས་ཐོན་རྫས་ཐོན་སྐྱེད་དང་། ཚོང་དོན། འཛད་སྤྱོད་བཅས་ཨང་དང་པོ་ཡིན་པའི་རྒྱལ་ཁབ་ཆེན་པོའི་གནས་བབ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། རང་རྒྱལ་རི་ཁུལ་གྱི་མི་འབོར་དབུལ་པོའི་ཡོང་འབབ་ཁེ་གཙང་20%ནགས་ལས་ནས་ཡོང་གི་ཡོད་པ་དང་གཙོ་གནད་ས་ཁུལ་གྱི་བསྡུར་ཚད་50%ལས་བརྒལ་ཡོད་ལ། ནགས་ལས་ཐོན་ལས་དེ་ས་ཁུལ་མང་པོའི་དཔལ་འབྱོར་འཕེལ་རྒྱས་དང་ཞིང་པའི་འབབ་འཕར་གྱི་ཀ་རྟེན་ཐོན་ལས་སུ་གྱུར་ཡོད།
         རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཕོང་ཡིའུ་ཏུང་གིས་རང་རྒྱལ་ལ་ནགས་ས་མུའུ་དུང་ཕྱུར་46དང་། རྩྭ་ཐང་མུའུ་དུང་ཕྱུར་60 འདམ་ར་མུའུ་དུང་ཕྱུར་8 བཅོས་སྒྲིག་ཆོག་པའི་བྱེ་ཐང་མུའུ་དུང་ཕྱུར་8བཅས་ཡོད་པས་རང་རྒྱལ་གྱི་ནགས་ལས་ཐོན་ལས་འཕེལ་རྒྱས་ལ་ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་ཁྲོམ་རའི་ལེགས་ཆ་ཆེན་པོ་ལྡན་ཡོད། གོམ་སྟབས་རྗེས་མར། རྒྱལ་ཁབ་ཀྱིས་ནགས་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་ནགས་ཚལ་ཡུལ་སྐོར་དང་། ཁྱད་ལྡན་དཔལ་འབྱོར་ནགས་ཚལ། ཤིང་རིགས་སྣུམ་རྒྱུ། སྨྱུག་མ་དང་མེ་ཏོག ནགས་ཁྲོད་དཔལ་འབྱོར་སོགས་ལྗང་མདོག་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ལྗང་མདོག་སྤུས་ལེགས་ཀྱི་ནགས་ལས་ཐོན་རྫས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་རྒྱུ་དང་། ནགས་ལས་ཐོན་ལས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད“ཁེ་ལས+མཉམ་ལས་ཁང+ཞིང་དུད”བཅས་ཁེ་ཕན་མཉམ་འབྲེལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུར་མཐོང་ཆེན་བྱས་ཏེ་ནགས་ལས་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། ནགས་ལས་དང་རྩྭ་ཐང་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཆུ་ཚད་མཐོ་རུ་གཏོང་བ་དང་། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ། ནགས་ལས་དྲ་ཐོག་ཚོང་དོན་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་སྤུས་ལེགས་ཁྱད་ལྡན་གྱི་ནགས་ལས་ཐོན་རྫས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་བྲིན་ཐུབ་པ་བྱ་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།