འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཅང་ཤིས་སུ་དྲག་ཆར་བབས་ཏེ་ཆུ་ལོག་བྱུང་ནས་མི་ཁྲི་91.5ལ་གནོད་འཚེ་ཕོག་པ།

    རྒྱལ་ཁབ་ཀྱི་Ⅳརིམ་པའི་གེགས་སེལ་འཕྲལ་སྡོམ་བརྡ་ལན་ཞུས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་09ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་7ཚེས་8ཉིན་རྒྱལ་ཁབ་ཀྱི་གནོད་འཚེ་ཉུང་གཏོང་ཨུ་ལྷན་དང་། མཁོ་བསྟུན་དོ་དམ་པུའུ་ཡིས་ཅང་ཤིས་ཞིང་ཆེན་གྱི་ནན་ཁྲང་དང་ཅིང་ཏེ་ཀྲེན། ཅིའུ་ཅང་སོགས་ས་ཁུལ་དུ་ཉེ་ཆར་དྲག་ཆར་གྱིས་རྐྱེན་པས་ཆུ་ལོག་གནོད་འཚེ་བྱུང་བར་དམིགས་ནས་རྒྱལ་ཁབ་ཀྱི་IVརིམ་པའི་གེགས་སེལ་འཕྲལ་སྡོམ་བརྡ་ལན་ཞུས་ནས་ལས་དོན་ཚོགས་ཆུང་གནོད་འཚེ་ཕོག་ཁུལ་དུ་མངགས་ཏེ་གནོད་འཚེའི་གནས་ཚུལ་ལ་ཞིབ་བཤེར་དང་། ས་གནས་ཀྱི་གེགས་སེལ་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱས་ཡོད།
            ཅང་ཤིས་ཞིང་ཆེན་དམངས་སྲིད་ཐིང་གི་སྙན་ཞུར་གཞིགས་ན་།  ཟླ་7ཚེས་7ཉིན་གྱི་ཆུ་ཚོད་18བར་བསྡོམས་རྩིས་བྱས་པར་།  ཟླ་7ཚེས་5ཉིན་ནས་བཟུང་དྲག་ཆར་བབས་ཏེ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་བྱུང་ནས་ནན་ཁྲང་དང་། ཅིང་ཏེ་ཀྲེན། ཅིའུ་ཅང་། དབྱིན་ཐན། ཀན་ཀྲོའུ། ཅི་ཨན། དབྱི་ཁྲུན། ཧྥུ་ཀྲོའུ། ཧྲང་རའོ་བཅས་ཆུས་རིམ་པའི་གྲོང་ཁྱེར9ཡི་རྫོང་(གྲོང་ཁྱེར་དང་ཆུས་)39ཡི་ཁྱོན་མི་ཁྲི་91.5ལ་གནོད་འཚེ་ཕོག་པ་དང་། ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་10.1ཕོག་ཡོད།
            ཅང་ཤིས་ཞིང་ཆེན་ནོར་སྲིད་ཐིང་གིས་དུས་འགོའི་ཞིང་ཆེན་རིམ་པའི་གེགས་སེལ་མ་དངུལ་སྒོར་ཁྲི་500བཀོད་སྒྲིག་བྱས་པའི་རྨང་གཞིའི་ཐོག་སླར་ཡང་ཞིང་ཆེན་རིམ་པའི་གེགས་སེལ་མ་དངུལ་སྒོར་ཁྲི་600དང་། སྲིང་བལ་ཉལ་ཆས་ཁྲི་4000དང་ཀམ་པ་ལི་སོགས་ཞིང་ཆེན་རིམ་པའི་གེགས་སེལ་དངོས་ཟོག་གནོད་འཚེ་ཚབས་ཆེན་ཕོག་ཁུལ་ལ་ཛ་དྲག་ངང་གཏོང་སྤྲོད་བྱས་ནས། གནོད་སྐྱོན་ཕོག་པའི་མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་ལས་དོན་ཡག་པོ་སྒྲུབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།