འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི་སློབ་འབྲིང་གིས་ངོ་བཤེར་གསལ་འབྱེད་མ་ལག་ནང་འདྲེན་བྱེད་རྩིས་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་09ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཨུ་རུ་སུའི་སློབ་གསོ་པུའི་པུའུ་ཀྲང་ཝ་ཤིས་ལི་ཡེ་ཝས་སློབ་གྲྭའི་བདེ་འཇགས་འགན་ལེན་བྱ་ཆེད། ཨུ་རུ་སུའི་སློབ་འབྲིང་གིས་ངོ་བཤེར་གསལ་འབྱེད་མ་ལག་ནང་འདྲེན་བྱེད་རྩིས་ཡོད་ཅེས་བརྗོད་པ་རེད།
             ཨུ་རུ་སུའི་སློབ་གསོ་པུའི་གསར་འགྱུར་ཁྲུའུ་ཡིས་དེ་ཉིན་སྨྱན་སྦྱོར་ལ་བརྡ་ཁྱབ་བཏང་ནས་བརྗོད་པར་གཞིགས་ན། ཝ་ཤིས་ལི་ཡེ་ཝས་ཨུ་རུ་སུའི་རྒྱལ་ཡོངས་ཀྱིས་ཁྱབ་སྤེལ་གཏོང་བཞིན་ཡོད་པའི“གྲངས་འཛིན་སློབ་འབྲིང”གི་འཆར་གཞིའི་དམིགས་ཡུལ་གཙོ་བོ་ནི་སློབ་གྲྭའི་བདེ་འཇགས་འགན་ལེན་བྱ་རྒྱུ་དེ་རེད། མིག་སྔར་བདེ་འཇགས་སྲུང་སྐྱོབ་ཀྱི་མ་ལག་ཇུས་གཞི་བཅུ་གྲངས་ཁ་ཤས་ནང་ངོ་བཤེར་གསལ་འབྱེད་མ་ལག་དེ་བློས་འགེལ་བ་ཞིག་ཡོད་པ་མ་ཟད། ད་དུང་མ་ལག་གཞན་དག་ལས་མ་གནས་དམའ་བ་ཡོད་པས་འབྲེལ་བ་མེད་པའི་མི་སྣ་སློབ་གྲྭར་མ་འཛུལ་བཀག་འགོག་ཐུབ་ཀྱི་ཡོད་ཅེས་བརྗོད།
     
      

    ཕྱོགས་བསྡུས་གསར་འགྱུར།