འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།པེར་ཀྲེམ་གྱིས"ཀྲུང་གོའི་འཕེལ་རྒྱས"ཞེས་པའི་པར་རིས་འགྲེམས་སྟོན་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་09ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་པེར་ཀྲེམ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་པུ་རུ་སེའི་གྲོང་ཁྱེར་ལྟེ་བའི་ས་ཁམས་མཚོན་བྱེད་ལྟ་བུའི་ཨར་སྐྲུན་གྲས་ཤིག་ཡིན་པའི་ཧྲེང་རེ་ལི་ལྟེ་གནས་སུ“ཀྲུང་གོའི་འཕེལ་རྒྱས”ཞེས་པའི་པར་རིས་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོ་འཚོགས་པ་རེད། གཞུང་ཚབ་ཁང་གི་གནས་སྐབས་ལས་ཚབ་ཀྲང་ཁྲེ་དང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་དྲུང་ཆེ་ལུའུ་ཀོང་ཅིན། པེར་ཀྲེམ་དུ“2018ལོའི་ཀྲུང་གོ་དང་ཡོ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བགྲོ་གླེང་ཚོགས་འདུར”ཞུགས་མཁན་རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་། དེ་བཞིན་པེར་ཀྲེམ་གྱི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་བརྒྱ་ཙམ་དེ་ཉིན་གྱི་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
             ཀྲང་ཁྲེས་འགོ་ཚུགས་ཤིས་ཚིག་རྗོད་སྐབས“མི་དཀྱུས་མའི་འཚོ་བ་ལས་རྒྱལ་ཁབ་ཀྱི་འཕེལ་རྒྱས་མངོན་ཐུབ་པ་དང་། ད་ཐེངས་ཀྱི་པར་རིས་འགྲེམས་སྟོན་གྱི་གཙོ་གནད་ནི་རིམ་པ་སྟར་ཆགས་སུ་བསྐྲུན་པའི་ཐོག་བརྩེགས་ཁང་ཆེན་དང་འཕྲེད་གཞུང་སྣོལ་མའི་འགྲིམ་འགྲུལ་སྒྲིག་ཆས་མིན་པར། ལས་རིགས་ཁག་ཏུ་ལས་ཀ་བྱེད་མཁན་དང་དངོས་ཡོད་ནང་འཚོ་བ་སྐྱེལ་མཁན་གྱི་ཀྲུང་གོ་བ་དཀྱུས་མ་ཤ་སྟག་རེད། གྲོགས་པོ་ཚོས་པར་རིས་འདི་དག་ལྟ་ཐུབ་ལ། པར་རིས་ནས་ཀྲུང་གོ་ཤེས་རྟོགས་ཀྱང་ཐུབ་ནས། ཀྲུང་གོའི་སྤྱི་ཚོགས་ཀྱི་གསོན་ཤུགས་ཚོར་ཐུབ་པ་དང་ཀྲུང་གོ་མི་དམངས་ཀྱིས་འཚོ་བར་བཅངས་པའི་སྤྲོ་སེམས་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་དོན་གཉེར་བྱེད་ལུགས་ཀྱང་ཤེས་ཐུབ”ཅེས་འཁོད་ཡོད།
            ད་ཐེངས་ཀྱི་པར་རིས་འགྲེམས་སྟོན་བྱེད་པའི་དུས་ཡུན་གཟའ་འཁོར་གཉིས་ཡིན་པ་དང་། ཟླ་7ཚེས་13ཉིན་མཇུག་འགྲིལ་རྒྱུ་རེད། བརྩམས་ཆོས་50ལྷག་ཙམ་ལས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་། དབུལ་སྐྱོར། སློབ་གསོ། དབང་པོ་སྐྱོན་ཅན་གྱི་འཚོ་བར་འགན་ལེན། དེ་བཞིན་བོད་རིགས་ས་ཁུལ་དང་ཤིན་ཅང་སོགས་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ལ་ཐོབ་པའི་གྲུབ་འབྲས་མངོན་པར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།