འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལེའོ་ཉིང་ཞིང་ཆེན་དུ་ཞིང་ལས་
    ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་09ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་2ནས་6ཉིན་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲང་ཁྲུན་ཞན་གྱིས་རུ་སྣེ་འཁྲིད་དེ་ལེའོ་ཉིང་ཞིང་ཆེན་དུ་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱེད་སྐབས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅོས་སྒྲིག་མ་ལག་འཛུགས་སྐྱོང་ལ་ཁྲིམས་ལྟར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་བདེ་འཇགས་དང་བློ་བདེ་པོ་ཡོང་ཕྱིར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
            ཞིབ་བཤེར་ཚོགས་ཆུང་གིས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས་ལག་བསྟར་གནས་ཚུལ་སྐོར་གྱི་ལེའོ་ཞིང་ཆེན་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་སྙན་སེང་ཉན་པ་དང་འབྲེལ། ཧྲེན་དབྱང་དང་། ཨན་ཧྲན། ཏ་ལེན་སོགས་ཀྱི་ཞིང་ལས་ཐོན་རྫས་རྟེན་གཞི་དང་། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་ཕྱིར་འཚོང་ཁེ་ལས། ཞིང་པའི་ཆེད་ལས་མཉམ་ལས་ཁང་། ཞིང་ལས་ཐོན་རྫས་སྤུས་ཚད་ལྟ་ཞིབ་ཚད་ལེན་ས་ཚིགས་སོགས་སུ་བསྐྱོད་དེ་ས་ཆ་དངོས་སུ་ཞིབ་བཤེར་བྱས་པ་རེད།
            ཀྲང་ཁྲུན་ཞན་གྱིས་ཞིང་ལས་ཐོན་རྫས་ཀྱི་མ་རྩ་འཇོག་པའི་དངོས་རྫས་ལ་དོ་དམ་དང་ཐོན་ཡུལ་གྱི་ཁོར་ཡུག་བཅོས་སྒྲིག་སོགས་བཅའ་ཁྲིམས་ལག་བསྟར་བྱེད་པའི་ཁྲོད་ཐོན་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས་སྤུས་ཚད་ཀྱི་ཚད་གཞིའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་ཁྲིམས་སྐྱོང་ལྟ་སྐུལ་དོ་དམ་ནུས་པར་ཤུགས་སྣོན་རྒྱག་པ། ཁུངས་འདེད་མ་ལག་གང་མགྱོགས་འཛུགས་སྐྱོང་བྱེད་པ། ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ་བཅས་བྱས་ཏེ་ཁྲིམས་སྐྱོང་ཐོག་ནས“ལྕེ་ཐོག་གི་བདེ་འཇགས”འགན་ལེན་གང་ལེགས་བྱེད་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།