འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥ་རན་སེའི་བྷོ་ལེར་ཚོགས་པ་དང་ཨ་ལི་པ་པ་ཚོགས་པའི་དབར་མཉམ་ལས་གྲོས་མཐུན་བཞག་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་09ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་2ཉིན་ཕ་རི་སིར་ཧྥ་རན་སེའི་བྷོ་ལེར་ཚོགས་པས་ཀྲུང་གོའི་དྲ་ཐོག་ཚོང་དོན་ཆེ་ཤོས་ཨ་ལི་པ་པ་ཚོགས་པ་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་མཉམ་ལས་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་པ་ཡོངས་བསྒྲགས་བྱས་པ་དང་། ཕྱོགས་གཉིས་པོས་སྤྲིན་ཞབས་ཞུ་དང་། གསར་གཏོད། དེ་བཞིན་གྲངས་གཞི་ཅན་གྱི་ཕྱོགས་སྒྱུར། བློ་གྲོས་དང་དྭངས་གཙང་ཕྱིར་སྐྱོད། དེ་བཞིན་ཟོག་འགྲེམས་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱ་རྒྱུ་ཡིན་པ་རེད།
              བྷོ་ལེར་ཚོགས་པས་དེ་ཉིན་ཡོངས་བསྒྲགས་བྱས་པའི་གསར་འགྱུར་སྤྱི་བསྒྲགས་ལ་གཞིགས་ན། ཨ་ལི་པ་པ་ཚོགས་པའི་གཤམ་འོག་གི་སྤྲིན་རྩིས་ལས་སྟེགས་ཨ་ལི་སྤྲིན་གྱིས་བྷོ་ལེར་སྤྲིན་རྩིས་དང་། གྲངས་གཞི་ཆེན་པོ། མི་ཐབས་རིག་ནུས་སོགས་ཚུད་པའི་ཐག་གཅོད་ཀྱི་ཇུས་གཞི་ཆ་ཚང་མཁོ་འདོན་བྱ་རྒྱུ་རེད། གཞན་ཡང་། ད་དུང་ཕྱོགས་གཉིས་པོས་གློག་སྒུལ་རླངས་འཁོར་གྱི་དྲ་སྦྲེལ་གསར་གཏོད་མཉམ་ལས་ཇུས་གཞི་དང་དེ་བཞིན་ཀྲུང་གོའི་ཁྲོམ་རར་དམིགས་པའི་མཉམ་སྤྱོད་རླངས་འཁོར་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱ་རྒྱུ་དང་འབྲེལ། ཨེ་ཤེ་ཡ་དང་། འཛམ་གླིང་དབུས་ཤར་ས་ཁུལ། ཨ་ཧྥེ་རི་ཁ། ཡོ་རོབ་བཅས་ཟོག་འགྲེམས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།
            བྷོ་ལེར་ཚོགས་པའི་དྲ་ཚུགས་ཀྱི་ཆ་འཕྲིན་ལས་མངོན་གསལ། ཚོགས་པ་དེ་1822ལོར་བཙུགས་པ་དང་། གཙོ་གཉེར་ལས་སྒོར་སྐྱེལ་འདྲེན་ཟོག་འགྲེམས་དང་། འཕྲིན་གཏོང་། གློག་ཤུགས་གསོག་འཇོག་སོགས་ཚུད་ཡོད་པ་དང་། 2017ལོར་ཚོང་གཉེར་དངུལ་འབོར་ཡོ་སྒོར་དུང་ཕྱུར་183ལྷག་ཙམ་ཟིན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།