འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་སྐྱེས་པ་ཞིག་གིས་སྐར་མ་10ཡི་ནང་རྒྱངས་ཤ་74བཟས་ནས་སླར་ཡང་ཟིན་ཐོ་གསར་པ་བཏོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་09ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཨ་རིའི་སྐྱེས་པ་ཞིག་གིས་སྐར་མ་10ཡི་ནང་རྒྱངས་ཤ་74བཟས་ནས་སླར་ཡང་ཟིན་ཐོ་གསར་པ་བཏོད་པ།
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་4ཉིན་ཨ་རིའི་ཉིའུ་གཡོད་ཀྱི་ཁང་ཉི་གླིང་ཕྲན་དུ་ལོ་གཅིག་དུས་གཅིག་གི་རྒྱངས་ཤ་ཟ་བའི་འགྲན་བསྡུར་ཆེན་པོ་གཉེར་བ་རེད། སྐྱེས་པའི་ཚོགས་ཆུང་གི་འགྲན་བསྡུར་ལ་ཁཱ་ལེ་ཧྥོ་ཉི་ཡ་ནས་ཡིན་པའི་ཇོ་ཡེ•ཆེ་སི་ཐེ་ན་ཐེ་ཡིས་སྐར་མ་10ཡི་ནང་རྒྱངས་ཤ་74བཟས་ནས་སླར་ཡང་ཨང་དང་པོ་བླངས་པ་དང་འབྲེལ། འགྲན་ཞུགས་ཟིན་ཐོ་གསར་པའང་བཏོད་ཡོད། བུད་མེད་ཚོགས་ཆུང་གི་འགྲན་བསྡུར་ལ་སན་མུ་ཤུལ་ཐེང་གིས་སྐར་མ་10ཡི་ནང་རྒྱངས་ཤ་37བཟས་ནས་བསྟུད་མར་ཨང་དང་པོ་ཐེངས་5བླངས་ཤིང་། གོང་གི་པར་རིས་ནི་ཨ་རིའི་ཉིའུ་གཡོད་ཀྱི་ཁང་ཉི་གླིང་ཕྲན་དུ་བདམས་ཐོན་པ་ཇོ་ཡེ•ཆེ་སི་ཐེ་ན་ཐེ(དཀྱིལ)ཡིས་རྒྱངས་ཤ་ཟ་བའི་འགྲན་བསྡུར་གྱི་ཨང་དང་པོ་བླངས་ནས་རྟེན་འབྲེལ་ཞུ་བའི་གནས་ཚུལ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།