འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།དབུལ་སྐྱོར་བྱེད་པར་བྱ་དངོས་ཀུན་ལ་བརྩི་འཇོག་དང་ཞུམ་པ་མེད་པར་མདུན་སྐྱོད་བྱེད་དགོས། 

    —— ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་དབུལ་སྒྲོལ་གྲུབ་འབྲས་ཀྱི་འགྲེམས་སྟོན་བྱས་པའི་སྐོར་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་09ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། “མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད”ཅེས་པའི་ཀྲུང་གོའི་དབུལ་སྒྲོལ་གྲུབ་འབྲས་འགྲེམས་སྟོན་དེ་ཉེ་ཆར་ཉེའུ་གཡོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འགོ་ཚུགས་པ་དང་བུ་ཆུང་ཆུང་ཞིག་འགོ་ཚུགས་མཛད་སྒོའི་ཐོག་གི“སྤྱན་སྦིར”ལ་གྱུར་ཡོད།
             དེ་ཉིན་དགོང་མོར། འགོ་ཚུགས་མཛད་སྒོར་ཞུགས་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་དྲུང་ཆེ་གཞོན་པ་ཨ་མིང་ན·མུ་ཧན་མུ་ཏེས་ཤིས་ཚིག་བརྗོད་རྗེས་སླར་ཡང་སྒྲ་དུང་གི་མདུན་དུ་ལངས་ནས“ད་ལྟ་འོག་འཇུག་ཕུར་ཐུང་ལ་དགོད་བྲོ་བའི་སྐད་ཆ་དུམ་བུ་ཞིག་འཁོད་པའི་བུ་ཆུང་ཆུང་དེ་གང་དུ་འདུག་གམ། བུ་དེའི་འོག་འཇུག་ཕུར་ཐུང་ངོས་ཀྱི‘བྱ་དངོས་ཀུན་ལ་བརྩི་འཇོག་དང་ཞུམ་པ་མེད་པར་མདུན་སྐྱོད་བྱེད’ཅེས་པའི་སྐད་ཆ་དུམ་བུ་དེར་ཚང་མས་བསམ་བློ་གཏོང་དགོས་པ་ཞིག་འདུག”ཅེས་བཤད།
            “སྐད་ཆ་དེ་ནི་དབུལ་ཕོངས་ཉུང་གཏོང་གི་བྱ་གཞག་ལ་མཁོ་བའི་སྙིང་སྟོབས་ཤིག་རེད”ཅེས་ཨ་མིང་ན·མུ་ཧན་མུ་ཏེས་བཤད།
             དུས་ཡུན་རིང་པོའི་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས“གཅིག་ཀྱང་མི་ལུས་པའི”དབུལ་སྐྱོར་དམིགས་ཚད་ལ་འབད་བརྩོན་བྱེད་བཞིན་ཡོད། 2015ལོའི་ཟླ་9པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱིས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་17ལྟེ་བར་བྱས་པའི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ལ་གྲོས་འཆམ་བྱུང་བ་དང་དམིགས་ཚད་17ལས་ཆེས་འགག་རྩ་ནི་དབུལ་ཕོངས་སེལ་རྒྱུ་དེ་རེད།
           དབུལ་ཕོངས་སེལ་བའི་ཁྱབ་ཁོངས་སུ་ཀྲུང་གོས་འཛམ་གླིང་ལ་བློ་ཡིད་ཚིམས་པའི་རྒྱུགས་ལན་ཞིག་སྤྲད་ཡོད།
            “མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད”ཅེས་པའི་ཀྲུང་གོའི་དབུལ་སྒྲོལ་གྲུབ་འབྲས་འགྲེམས་སྟོན་ལ་གསོན་ཉམས་དོད་པའི་པར་རིས་40ལྷག་དང་ལེའུ་10ཡི་བརྙན་ཐུང་། དེ་བཞིན་ཞིབ་ཅིང་གསལ་བའི་དཔྱད་གཞིའི་ཡི་གེ་ནས་ཀྲུང་གོའི་གནད་སྨིན་དབུལ་སྐྱོར་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དཔེ་མཚོན་གཏམ་རྒྱུད་བརྗོད་དེ་འཛམ་གླིང་ཕྱོགས་ལ་ཀྲུང་གོའི་དབུལ་སྐྱོར་ལས་དོན་གྱི་གྲུབ་འབྲས་མངོན་པར་བྱས་ཡོད་ལ་གོ་ལ་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་གི་ཀྲུང་གོའི་ཇུས་གཞི་ངོ་སྤྲོད་བྱས་ཡོད།
            ལྟ་སྐོར་བྱེད་མཁན་སྐུ་མགྲོན་ཚོས་ཀྲུང་གོའི་གྲུབ་འབྲས་ནི་མིག་ལྡན་ཀུན་གྱིས་དོ་སྣང་བྱེད་འོས་པ་ཞིག་འདུག་ལ་ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་འཛིན་ཆོག་པ་ཞིག་འདུག་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།
            མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ནེ་པ་ལའི་འཐུས་མི་པ་ཐེ་ལ་དབྱིས་ཀྲུང་གོས་དུས་ཡུན་ཐུང་ངུའི་ནང་ཐོན་ཁུངས་ལེགས་སྒྲིག་གིས་དབུལ་སྒྲོལ་ལ་སྐུལ་འདེད་བཏང་ནས་དབུལ་ཕོངས་སེལ་བའི་ཁྱབ་ཁོངས་སུ་མིག་དཔེ་བསྟན་ཡོད། “དེས་ནེ་པ་ལ་དང་དེ་བཞིན་རྒྱལ་ཁབ་གཞན་ལ་བློ་སྒོ་འབྱེད་པའི་དོན་སྙིང་ལྡན་ཡོད”ཅེས་བཤད།
            པ་ཐེ་ལ་དབྱིས་ད་དུང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་མ་གཏོང་རྒྱུ་ནི་དབུལ་སྐྱོར་དང་འཕེལ་རྒྱས་རྣམ་གྲངས་གཞན་གྱི་ཐོག་མའི་ཆ་རྐྱེན་རེད། ཀྲུང་གོས་དེའི་ཐད་ནེ་པ་ལར་རྒྱབ་སྐྱོར་བྱས་ཡོད། “ང་ཚོས་ཀྲུང་གོ་དང་མཉམ་དུ་ཁྱབ་རྒྱ་དེ་བས་ཆེ་བའི་མཉམ་ལས་བྱེད་འདོད་ཆེན་པོ་ཡོད”ཅེས་བཤད།
            མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིང་དུ་ལས་ཀ་བྱེད་བཞིན་པའི་ཨེ་ཙེ་ཨོ་ཕི་ཡ་བ་ཏེ་སི་ཐ་ཡིས་གསར་འགོད་པར“ཀྲུང་གོའི་དབུལ་སྒྲོལ་གྲུབ་འབྲས་འགྲེམས་སྟོན་ནང་གི་འཛུམ་མདངས་འཕྱུར་བའི་ངོ་གདོང་རེ་རེས་ངའི་ཡིད་དབང་རྦད་དེ་བཀུག་སོང་། ཁོ་ཚོའི་བདེ་སྐྱིད་ལ་ཡིད་དབང་འགུག་ཤུགས་ཆེན་པོ་ལྡན་འདུག”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།