འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་ཨ་ཧྥེ་རི་ཁར་དམངས་འཚོའི་སྤྱི་ཕན་
    མཉམ་ལས་ཀྱི་རྣམ་གྲངས་ཐེངས་དང་པོ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་09ཉིན། 11:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར་ཀྲུང་གོའི་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་ཉེ་ཆར་ཐུ་ནི་སི་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་ལས་བྱས་ཏེ་ཕར་ཆིན་ལག་རྩལ་གསོ་སྦྱོང་ཐེངས་དང་པོ་བྱས་ཏེ་ཐུ་ནི་སིའི་བུད་མེད་ཀྱི་ངལ་རྩོལ་རྩལ་ནུས་ཆེ་རུ་གཏོང་རོགས་བྱས་པ་རེད།
             ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་ཀྲུང་གོའི་བུད་མེད་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་སྐུལ་སློང་བྱས་ནས་བཙུགས་པའི“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་བུད་མེད་འཕེལ་རྒྱས་ཐེབས་རྩའི”སྒྲོམ་གཞིའི་ཐོག་ཨ་ཧྥེ་རི་ཁར་དམངས་འཚོའི་སྤྱི་ཕན་མཉམ་ལས་རྣམ་གྲངས་ཐེངས་དང་པོ་སྤེལ་བ་ཞིག་རེད། ཐེངས་དེའི་རྣམ་གྲངས་ཀྱིས“བུད་མེད་ཀྱི་སྤྱི་ཕན་གྱིས‘རྒྱུད་གཅིག་ལམ་གཅིག’འཛུགས་སྐྲུན་ལ་མཉམ་རོགས་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་བུད་མེད་ཀྱི་སྤྱི་ཕན་སྤེལ་རེས་མཉམ་ལས་ཀྱི་ལས་སྟེགས་གཏོད་རྒྱུར་རྩེ་གཅིག་ཏུ་གཞོལ་ནས་སྤེལ་རེས་ལམ་སྲོལ་འཛུགས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།