འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་བཟོ་ལས་དྲ་སྦྲེལ་ལས་སྟེགས་ཐོ་འགོད་བྱེད་མཁན་ཁེ་ལས་ཁྲི་170ལ་ཉེ་བ་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་21ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཅུས་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་། བཟོ་ལས་དྲ་སྦྲེལ་ཐོན་ལས་མནའ་འབྲེལ་སོགས་ཚན་པས་མཛུབ་ཁྲིད་བྱས་པ་དང་ཀྲུང་གོ་མཁའ་འགྲུལ་ཚན་རྩལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སི་སོགས་ཚན་པས་གཙོ་གཉེར་བྱས་པའི་2018ལོའི་བཟོ་ལས་དྲ་སྦྲེལ་མཐོ་རིམ་གླེང་སྟེགས་ཉིན་ཤས་གོང་ཁྲེང་ཏུར་འཚོགས་པ་རེད།
          སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“སྤྲིན་ཚོགས་ཀྱིས་སྒུལ་ནུས་གསར་པ་སྦྱིན། བློ་རིག་གིས་མ་འོངས་འབྱུང་འགྱུར་གཏོད”ཅེས་པ་དེ་ཡིན། ཀྲུང་གོ་མཁའ་འགྲུལ་ཚན་རྩལ་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀའོ་ཧུང་ཝུའེ་ཡིས་གླེང་སྟེགས་ཐོག རང་རྒྱལ་གྱི་བཟོ་ལས་དྲ་སྦྲེལ་གྱི་སྤྱི་པའི་ལས་སྟེགས་ཐོག་མ་དེ་ཡིན་པའི་མཁའ་འགྲུལ་སྤྲིན་ཚོགས་དྲ་བ་སྤྱོད་འགོ་ཚུགས་ནས་ལོ་གསུམ་སོང་རིང་ཐོ་འགོད་བྱེད་མཁན་ཁེ་ལས་ཁྲི་170ཙམ་ཟིན་པ་དང་ཁེ་ལས་དེ་དག་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་179རུ་ཁྱབ་ཡོད། ཚོད་རྩིས་བྱས་པར་ལྟར་ན། ཐོ་འགོད་བྱས་པའི་ཁེ་ལས་170ལ་ཉེ་བ་ཡོད་ཅིང་། གཉེར་སྐྱོང་གཞི་ཁྱོན་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་11ཟིན་ཡོད་ཅེས་བཤད། ཀའོ་ཧུང་ཝུའེ་ཡིས་གལ་སྲིད་ཁེ་ལས་དེ་དག་གིས་སྤྲིན་ཚོགས་མཉམ་སྒྲུབ་བྱེད་སྟངས་སྤྱད་ནས་ལས་འབོར་མང་དུ་བཏང་ཚེ། སྒྲིག་ཆས་སྤྱོད་ཚད་50%ཡས་མས་ནས་85%ཡས་མས་བར་མཐོ་རུ་འགྲོ་རྒྱུ་ཡིན་པས་མ་དངུལ་མང་དུ་གཏོང་མི་དགོས་པར་ཡོང་འབབ་30%ཡས་མས་མང་དུ་འགྲོ་སྲིད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།