འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོར་སླེབས་སྐབས་ཨན་ཧུའེ་རུ་མིས་བཟོས་རིག་ནུས་ཐོན་ལས་ཀྱི་གཞི་ཁྱོན་
    སྒོར་དུང་ཕྱུར་150ལས་བརྒལ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་21ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། ཨན་ཧུའེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཉིན་ཤས་གོང་《ཨན་ཧུའེ་ཞིང་ཆེན་གྱི་མིས་བཟོས་རིག་ནུས་ཐོན་ལས་ཐོན་རབས་གསར་པའི་འཕེལ་རྒྱས་འཆར་འགོད(2018—2030)》ཁྱབ་བསྒྲགས་བྱས་པར། “ལྟེ་བ་གཅིག ས་ཁུལ་གཉིས། གནས་མང་པོའི”ཐོན་ལས་བཀོད་ཇུས་བཏོན་ཡོད་པ་སྟེ། ཀྲུང་གོ་ཧྲེང་ཀུའུ་མིས་བཟོས་རིག་ནུས་ཐོན་ལས་ལྟེ་བའི་ཁུལ་བྱས་ཏེ་ཝུའུ་ཧུའུ་དང་མཱ་ཨན་ཧྲན་ས་ཁུལ་གཉིས་ཀྱི་བཟོ་ལས་རྨང་གཞིར་བརྟེན་ནས“གནས་མང་པོ”ནས་ཤུགས་བཏོན་ཐོག ཞིང་ཆེན་ཡོངས་ལ་ཁྱབ་འགྱེད་ཐུབ་པའི་མིས་བཟོས་རིག་གནས་ཐོན་ལས་ཁྱུ་ཚོགས་བཏོད་དེ། 2020ལོར་སླེབས་སྐབས་མིས་བཟོས་རིག་ནུས་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་150ལས་བརྒལ་རྒྱུ་མ་ཟད་འབྲེལ་ཡོད་ཐོན་ལས་ལ་སྐུལ་ཁྲིད་ཐེབས་ཚད་ཀྱང་སྒོར་དུང་ཕྱུར་1000ཟིན་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།