འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི"འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར"གྱིས་ཀྲེ་ཅང་དབྱི་ཝུའུ་ཡི་
    ལུས་རྩལ་མཁོ་ཆས་བྲིན་ཁ་རྒྱུག་ཏུ་སོང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་21ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། 2018ལོའི་ཨུ་རུ་སུའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འགོ་ཚུགས་ཚུན། ཤུགས་རྐྱེན་ཐེབས་ཤུགས་ཧ་ཅང་ཆེ་བའི་ལུས་རྩལ་འགྲན་བསྡུར་གཟབ་རྒྱས་དེས་དབྱི་ཝུའུ་ཁྲོམ་རའི་འབྲེལ་ཡོད་ཚོང་ཟོག་བྲིན་ཁ་རྒྱུག་ཏུ་སོང་ཡོད། དབྱི་ཝུའུ་ཀྲུང་གོའི་ཚོང་ཟོག་ཆུང་ངུའི་གྲོང་གི་གཞུང་ཕྱོགས་དྲ་ཚུགས་ཀྱི་དབྱི་ཝུའུ་ཉོ་སྒྲུབ་ཀྱིས་བཟོས་པའི་ཉེ་ཆར་ཟླ་གཅིག་རིང་གི་ཕྱིར་ཚོང་ཚོང་ཟོག་གི་བང་རིམ་ལས་2018ལོའི་ཨུ་རུ་སུའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་མཐའ་བསྡུར་ནང་ཚུད་པའི་རྒྱལ་ཁབ་ཁག་གི་དར་ཆ་ཕྲེང་རྒྱུད་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་དར་ཆ་སོགས་ཀྱི་ཚོང་ཟོག་གིས་བང་རིམ་ནང་གི་མདུན་གྲལ་བཟུང་བ་དང་ཕྱིར་ཚོང་གྲངས་འབོར་ཁྲི་བརྒྱད་སྟོང་ལྷག་ཙམ་ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།