འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཕྱོགས་ས་ཁུལ་མང་པོར་ཆར་པ་ཆེན་པོ་འབབ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་21ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཆུ་ལོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་གསལ། མཁའ་རླུང་དྲོ་གྲང་གཉིས་ཀྱི་ཐུན་མོང་གི་ཤུགས་རྐྱེན་འོག ཟླ་6ཚེས་17ནས་22ཉིན་བར། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཁུལ་མང་ཆེ་བ། ཧྭ་ནན་གྱི་བྱང་རྒྱུད་བཅས་དང་དེ་བཞིན་ཧུའུ་པེ་སོགས་སུ་ཆར་པ་ཆེན་པོ་འབབ་རྒྱུ་དང་། རིམ་རྩིས་བྱས་ན། ཆར་ཆུ་འབབ་ཚད་ཧའོ་སྨི་40ནས་90ཟིན་རྒྱུ་ཡིན་པ་ལས། ཁྲུང་ཆིང་གི་ཤར་རྒྱུད་དང་། ཀུའེ་ཀྲོའུ་ཡི་ཤར་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད་དང་ནུབ་རྒྱུད། ཧུའུ་པེའི་ཤར་རྒྱུད་དང་ལྷོ་རྒྱུད། ཅང་ཤིས་ཀྱི་བྱང་རྒྱུད། ཨན་ཧུའེ་ཡི་ལྷོ་དབུས་རྒྱུད། ཀྲེ་ཅང་གི་ས་ཁུལ་མང་ཆེ་བ། ཀོང་ཤིས་ཀྱི་བྱང་ཤར་རྒྱུད་སོགས་སུ་ཆར་ཆུ་འབབ་ཚད་ཧའོ་སྨི་100ནས་260ཟིན་རྒྱུ་ཡིན་པ་རེད།
            ཆར་པའི་ཤུགས་རྐྱེན་གྱིས། འབྲི་ཆུའི་སྟོད་རྒྱུད་ཀྱི་གཞུང་ཆུ་དང་ཆུས་ཅང་གཙང་པོ་དང་། བར་རྒྱུད་ཀྱི་ཆིང་ཅང་གཙང་པོ་དང་པོ་དབྱང་ཧུའུ་མཚོ་མོའི་ཆུ་རྒྱུད་རའོ་ཧོ་གཙང་པོ་དང་ཤིན་ཅང་གཙང་པོ། སྨད་རྒྱུད་ཀྱི་འབབ་རྒྱུད། ཧོའེ་ཧོ་གཙང་པོའི་སྟོད་རྒྱུད། ཀྲེ་ཅང་གི་ཆན་ཐང་ཅང་གཙང་པོ་སོགས་གཙང་པོ་ཆེ་གྲས་མང་པོ་མངོན་གསལ་དོད་པོས་རྒྱས་རྒྱུ་དང་། པོ་དབྱང་ཧུའུ་མཚོ་མོའི་ཆུ་རྒྱུད་རའོ་ཧོ་གཙང་པོ་དང་དེ་བཞིན་དྲག་ཆར་འབབ་ཁུལ་གྱི་གཙང་པོ་འབྲིང་ཆུང་ཡང་རྒྱས་རྒྱུ་རེད།
           ཐེངས་འདིའི་ཆར་པ་ཆེན་པོ་འབབ་ཡུན་རིང་ཞིང་འབབ་ཁྱོན་ཆེ་བ་དང་། ཧོའེ་ཧོ་གཙང་པོའི་བར་རྒྱུད་སོགས་གཙང་པོ་དག་གི་གཏིང་ཆུ་ཆེ་བ་སོགས་ཀྱིས་རྐྱེན། ཆུ་མཛོད་འབྲིང་ཆུང་རིགས་ཀྱི་བདེ་འཇགས་འབྲུབ་སྒྲོལ་གྱི་གནོན་ཤུགས་ཆེ་བ་མ་ཟད། ལྷོ་ནུབ་རི་ཁུལ་གྱི་གཙང་པོ་འབྲིང་ཆུང་དང་ཆུ་ལོག་གི་གནོད་འཚེའི་ཉེན་ཁ་ཡང་ཆེན་པོ་ཡོད་པས། འབྲུབ་ཆུ་ཆེན་པོ་སྔོན་འགོག་དང་། ཆུ་ལོག་ཆེན་པོ་སྔོན་འགོག ཉེན་ཁ་ཆེན་པོ་འགོག་པ། གེགས་ཆེན་པོ་སེལ་བ་བཅས་བྱས་ནས་འགོག་ཟོན་དང་ཁ་གཏད་གཅོག་པའི་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲུབ་དགོས། 
      

    ཕྱོགས་བསྡུས་གསར་འགྱུར།