འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།"རྩྭ་ཕྱུགས་དོ་མཉམ"གྱི་ཐབས་ལམ་ལས་རྩེ་ཁོག་གི་མང་ཚོགས་ཕྱུག་འགྱུར་དང་རྫོང་
    སྟོབས་ཆེར་འགྲོ་བར་ཁྲིད་སྟོན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་20ཉིན། 12:40】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།'རྩྭ་ཕྱུགས་དོ་མཉམ'གྱི་ཐབས་ལམ་ལས་རྩེ་ཁོག་གི་མང་ཚོགས་ཕྱུག་འགྱུར་དང་རྫོང་
སྟོབས་ཆེར་འགྲོ་བར་ཁྲིད་སྟོན་བྱས་པ།
            མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ནི་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དུ་གནས་པ་དང་། ཕྱུགས་ལས་ནི་ས་གནས་དེ་གའི་འཚོ་གནས་དང་འཕེལ་རྒྱས་ཀྱི་འདེགས་སྐྱོར་ཐོན་ལས་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་། ས་གནས་དེ་གའི་སྲིད་གཞུང་གིས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱས་པ་བརྒྱུད་སྒྲིག་བཀོད་སྤྱད་དེ་ཕྱུགས་འཚོ་དང་། ཚན་རིག་དང་མཐུན་པར་ཕྱུགས་འཚོ་བ། རྩྭ་ཕྱུགས་དོ་མཉམ། མཐུན་སྦྱོར་འཕེལ་རྒྱས་བཅས་གཙོ་བོར་བྱེད་པའི་རྩྭ་ཐང་གི་སྣོད་བཅུད་ཕྱུགས་ལས་གཏོད་པས། སྣོད་བཅུད་སྲུང་སྐྱོང་དང་ཕྱུགས་ལས་ཐོན་སྐྱེད་ཀྱི་འཁོར་རྒྱུག་བཟང་པོ་ཞིག་ཆགས་པ་རེད། གོང་གི་པར་རིས་ནི་མཚོ་སྔོན་ཞིང་ཆེན་རྩེ་ཁོག་རྫོང་ལྷ་ཀེ་རི་གྲོང་ཚོའི་སྣོད་བཅུད་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་མི་སྣས་ལྷ་ཀེ་རི་གྲོང་ཚོའི་དབྱར་དུས་རྩྭ་རར་ཕྱུགས་འཚོ་བཞིན་པ་རེད།
    མཚོ་སྔོན་ཞིང་ཆེན་རྩེ་ཁོག་རྫོང་ལྷ་ཀེ་རི་གྲོང་ཚོའི་སྣོད་བཅུད་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་མི་སྣས་ལུག་ཁྱུའི་གྲངས་འབོར་རྩིས་བཞིན་ཡོད་ཅིང་། 2017ལོར་མཉམ་ལས་ཁང་དེར་ཡོང་འབབ་སྒོར་ཁྲི་1236བྱུང་བ་དང་མི་རེར་ཆ་སྙོམས་ཡོང་འབབ་སྒོར་15110བྱུང་ཡོད་པ།
    མཚོ་སྔོན་ཞིང་ཆེན་རྩེ་ཁོག་རྫོང་ལྷ་ཀེ་རི་གྲོང་ཚོའི་སྣོད་བཅུད་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་མི་སྣས་ལུག་ཁྱུའི་གྲངས་འབོར་རྩིས་བཞིན་ཡོད་ཅིང་། 2017ལོར་མཉམ་ལས་ཁང་དེར་ཡོང་འབབ་སྒོར་ཁྲི་1236བྱུང་བ་དང་མི་རེར་ཆ་སྙོམས་ཡོང་འབབ་སྒོར་15110བྱུང་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།