འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།དམངས་གཉེར་ཁེ་ལས་དེ་གྲོང་གསེབ་དར་རྒྱས་འཐབ་ཇུས་ནང་ཞུགས་རྒྱུའི་གྲོས་འགོའི་བྱེད་སྒོ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་21ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། དམངས་གཉེར་ཁེ་ལས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ནང་ཞུགས་རྒྱུའི་གྲོས་འགོའི་བྱེད་སྒོ་པེ་ཅིང་དུ་སྤེལ་བ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་བྱེད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
           ཀའོ་ཡུན་ལུང་གིས་དམངས་གཉེར་ཁེ་ལས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ནང་ཞུགས་པར་གཅིག་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། གཉིས་ནས་བྱ་སྤྱོད་ཧུར་ཐག་སྤེལ་རྒྱུ་དང་ཁྲོམ་རའི་ཆོས་ཉིད་ལ་སྲུང་བརྩི་ཞུ་བའི་འབྲེལ་བ་ཁོང་དུ་ཡག་པོ་ཆུད་པ་དང་། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་གཉིས་ཁེ་གཉིས་ཕན་དང་མཉམ་སྐྲུན་མཉམ་ཁེའི་རྒྱུན་མཐུད་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་དགོས་པ། གསུམ་ནས་ཞིང་པའི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱེད་དགོས། དམངས་གཉེར་ཁེ་ལས་ཀྱིས“འོས་འགན་དང་ཁེ་ཕན་ལ་ལྟ་རྟོག་དང་། འོས་འགན་སྔོན་ལ་འཇོག་པའི”གཟི་བརྗིད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཚད་གཞི་དང་སྲིད་ཇུས་ཀྱི་དམར་ཐིག་ལས་མི་བརྒལ་བ་དང་། སྲིད་ཚོང་བར་གྱི་ཉེ་ལ་གཙང་བའི་འབྲེལ་བ་གསར་པ་ལག་ལེན་ཧུར་ཐག་བསྟར་བ། གསར་གཏོད་ཀྱི་རང་བཞིན་ལྡན་པའི་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་དམ་ཟབ་བཅས་བྱས་ཏེ་གཉིས་ཁེ་དང་མཉམ་དུ་ཕྱུག་པོ་ཆགས་པའི་འབད་བརྩོན་བྱེད་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།