འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་རྨ་ལྷོའི་དབུལ་སྒྲོལ་འབྲོག་པའི་འཚོ་བ་གསར་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་15ཉིན། 12:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

    ༄༅།།མཚོ་སྔོན་རྨ་ལྷོའི་དབུལ་སྒྲོལ་འབྲོག་པའི་འཚོ་བ་གསར་པ།
          མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གིས་སྣོད་བཅུད་སྲུང་སྐྱོང་སྔོན་དུ་འཇོག་པའི་འདུ་ཤེས་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་མཐུན་སྦྱོར་སྐུལ་འདེད་བཏང་བ་དང་། ཕྱོགས་མང་ཅན་གྱི་ཐོན་ལས་དབུལ་སྐྱོར་གྱི་འཕེལ་རྒྱས་བསམ་ཕྱོགས་མཐའ་འཁྱོངས་བྱས་ནས་ཆུ་བེད་དང་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱས་པའི་ཁར་རྩལ་ནུས་གསོ་སྦྱོང་དང་། ཐོན་ལས་དབུལ་སྐྱོར། སྤྱི་ཚོགས་རོགས་སྐྱོར། ལས་ཞུགས་གཞན་བསྒྱུར་སོགས་ཀྱི་བྱ་ཐབས་མང་པོ་སྤྱད་པས་ཡིག་ཚགས་དང་གཱ་བཟོས་པའི་གྲོང་ཚོ་དབུལ་པོ་16གི་དུད་ཚང་དབུལ་པོ་1440དང་མི་གྲངས་5400ལ་གནད་སྨིན་དབུལ་སྐྱོར་ཐུབ་ནས་ཕན་འབྲས་བཟང་པོ་ཐོན་ཡོད། 2017ལོར་ཚོད་སྐོར་རྩིས་ལེན་རིམ་པས་བྱས་པ་བརྒྱུད། རྫོང་དེ་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཞྭ་འབུད་པའི་རྫོང་ཁག་དང་པོའི་གྲས་སུ་གྱུར་ཞིང་། གོང་གི་པར་རིས་ནི་ཟླ་6ཚེས་13ཉིན། རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ནགས་རི་རྫོང་འབྲོག་ལས་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་མི་རིགས་གྱོན་ཆས་འཚེམ་བཟོ་ཁང་གི་འགན་འཁུར་བ་ཚེ་རིང་དོན་གྲུབ(གཡས་ཀྱི་གཉིས་པ)ཀྱིས་ཚོང་ཤག་ལ་གྱོན་ཆས་གསར་པ་སྟོན་བཞིན་པ་རེད།
    རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གསེར་ལུང་ཤང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་སྡེ་ཁུལ་ཆུང་ངུ་བདེ་སྐྱིད་ཁྱིམ་གཞིས་ཡིན། སྡེ་ཁུལ་དེར་ཡུལ་མི་དབུལ་པོའི་ཐེམ་དུད་410བཀོད་སྒྲིག་བྱས་པ་དེ་དག་2017ལོའི་ལོ་མཇུག་ཏུ་རིམ་བཞིན་སྤོས་ཡོད།

    ཕྱོགས་བསྡུས་གསར་འགྱུར།