འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་རབས་གསར་པར་བསྟོད་གླུ་ཕུལ། བོད་ལྗོངས་གསར་པར་བསྟོད་གླུ་ཕུལ།

    ——རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་2017ལོའི་ལོ་འཁོར་གྱི་རྒྱུད་སྒྲོག་སྤེལ་རེས་ཁྱབ་གདལ་རྣམ་གྲངས་ཀྱི་མི་རིགས་རོལ་དབྱངས་འདུ་ཚོགས་《བོད་ལྗོངས་ཀྱི་དཔྱིད་དུས་》སྐོར་སྐྱོད་འཁྲབ་སྟོན་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་14ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།དུས་རབས་གསར་པར་བསྟོད་གླུ་ཕུལ། བོད་ལྗོངས་གསར་པར་བསྟོད་གླུ་ཕུལ།
          མི་དམངས་དྲ་བའི་འཕྲིན། བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བ་དང་ཏང་དབུ་བརྙེས་ནས་ལོ་ངོ་97འཁོར་བར་རྟེན་འབྲེལ་ཞུ་ཆེད། བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པ་དང་ཀྲུང་དབྱང་མི་རིགས་རོལ་དབྱངས་ཚོགས་པས་གཙོ་གཉེར་བྱས་པའི“རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་2017ལོའི་ལོ་འཁོར་གྱི་རྒྱུད་སྒྲོག་སྤེལ་རེས་ཁྱབ་གདལ་རྣམ་གྲངས་ཀྱི་མི་རིགས་རོལ་དབྱངས་འདུ་ཚོགས་《བོད་ལྗོངས་ཀྱི་དཔྱིད་དུས་》”ཞེས་པ་ཟླ་6ཚེས་10ཉིན་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འཁྲབ་སྟོན་ཐེངས་གཉིས་པ་བྱས་ཡོད།
         རོལ་དབྱངས་འདུ་ཚོགས་དེ་ན་གཞོན་གཞས་མ་ཚེ་རིང་གཡང་འཛོམས་ཀྱིས་《བོད་ལྗོངས་སུ་བསྐྱོད་པ་》ཞེས་པའི་གླུ་དབྱངས་ཁྲོད་འགོ་བཙུགས་ཤིང་། དུས་ཡུན་དུས་ཚོད་གཉིས་ཙམ་གྱི་ནང་མི་རིགས་འབུད་དཀྲོལ་རོལ་ཆ་《གླུ་ལེན་གར་འཁྲབ་》དང་། ཨོ་སི་ཁྲུ་རི་ཡའི་འབུད་དཀྲོལ་རོལ་ཆ་གྲགས་ཅན་《གློག་དམར་པོར་ཁ་》སོགས་ཕུལ་བྱུང་རོལ་དབྱངས་བརྩམས་ཆོས་རེས་མོས་ངང་སྤེལ་ནས། ངོ་མཚར་ཚད་མེད་ཀྱིས་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད།
         བྱེད་སྒོའི་འགན་འཁུར་བ་ཚེ་བརྟན་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། རོལ་དབྱངས་འདུ་ཚོགས་རིག་རྩལ་གྱི་རྣམ་པའི་ཐོག་ནས་དུས་རབས་གསར་པའི་བསྟོད་གླུ་ཕུལ་བ། བོད་ལྗོངས་གསར་པའི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་བཅས་ལ་བསྟོད་གླུ་ཕུལ་ཡོད། གོམ་པ་རྗེས་མར་རོལ་དབྱངས་འདུ་ཚོགས་ཉིང་ཁྲི་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར། མཚོ་སྔོན་ཞིང་ཆེན་སོགས་སུ་སྐོར་སྐྱོད་འཁྲབ་སྟོན་དུ་བསྐྱོད་རྒྱུ་དང་། དེའི་ནང་ལྷ་ས་གྲོང་ཁྱེར་དུ་ཁྱོན་ཐེངས་4ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2012ལོར་ཀྲུང་དབྱང་མི་རིགས་རོལ་ཆ་ཚོགས་པ་དང་བོད་ལྗོངས་གླུ་གར་ཚོགས་པས་མཉམ་འབྲེལ་ཐོག་སྨྱན་མང་གཟུགས་ཀྱི་མི་རིགས་འབུད་དཀྲོལ་རོལ་དབྱངས་འདུ་ཚོགས་ཆེ་གྲས་《བོད་ལྗོངས་ཀྱི་དཔྱིད་དུས་》གསར་རྩོམ་བྱས་ནས།  རྒྱལ་ཁབ་ཟློས་གར་ཁང་དུ་འཁྲབ་སྟོན་ཐོག་མར་བྱས་རྗེས། པེ་ཅིང་དང་ཧྲང་ཧའེ། ལྷ་ས་སོགས་གྲོང་ཁྱེར་9རུ་སྐོར་སྐྱོད་འཁྲབ་སྟོན་བྱས་པས་སྤྱི་ཚོགས་ཀྱིས་གདེངས་འཇོག་བཟང་པོ་ཐོབ་སྟེ། 2017ལོར་རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩའི་སྤེལ་རེས་རྣམ་གྲངས་ཁྱབ་གདལ་ནང་ཚུད་ཡོད་པ་རེད།
    ༄༅།།དུས་རབས་གསར་པར་བསྟོད་གླུ་ཕུལ། བོད་ལྗོངས་གསར་པར་བསྟོད་གླུ་ཕུལ།
    ༄༅།།དུས་རབས་གསར་པར་བསྟོད་གླུ་ཕུལ། བོད་ལྗོངས་གསར་པར་བསྟོད་གླུ་ཕུལ།
    ༄༅།།དུས་རབས་གསར་པར་བསྟོད་གླུ་ཕུལ། བོད་ལྗོངས་གསར་པར་བསྟོད་གླུ་ཕུལ།
      

    ཕྱོགས་བསྡུས་གསར་འགྱུར།