འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་སྤྱི་བདེའི་རང་རོགས་དམངས་ཕན་ཞབས་ཞུའི་སྒོ་རྩིས་ཚོང་ཁང་དངོས་སུ་སྤྱོད་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་21ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། “གློད་སྡོམ་ཞབས” གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་ཆེད། ཡུན་ནན་ཞིང་ཆེན་སྤྱི་བདེ་ཐིང་གིས་དམངས་ཕན་དམངས་ཁེའི་བྱེད་ཐབས་གལ་ཆེན་སླར་ཡང་བཏོན་ཏེ་ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པའི་སྲིད་གཞུང་གནས་ཡུལ་129རུ“ཡུན་ནན་སྤྱི་བདེའི་རང་རོགས་དམངས་ཕན་ཞབས་ཞུའི་སྒོ་རྩིས་ཚོང་ཁང”བསྐྲུན་རྒྱུ་རེད། མིག་སྔར་ཐོག་མའི“རང་རོགས་སྒོ་རྩིས་ཚོང་ཁང”གསུམ་པོ་ཡུས་ཤིས་གྲོང་ཁྱེར་ཧུང་ཐ་ཆུས་ཡུས་ཤིང་མངགས་གཏོང་ཁང་དང་། ཆུས་ཅིང་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས། མ་ལིས་ཕོ་རྫོང་སྤྱི་བདེ་ཅུས་བཅས་སུ་དངོས་སུ་སྐྲུན་ནས་བེད་སྤྱོད་གཏོང་འགོ་ཚུགས་པ་རེད།
             ངོ་སྤྲོད་བྱས་པར་གཞིགས་ན། “རང་རོགས་སྒོ་རྩིས་ཚོང་ཁང”ནང་བདེ་སྲུང་དང་། འགྲིམ་འགྲུལ་ཉེན་རྟོག་པ། རྒྱལ་མཚམས་ལས་གྲོལ་བ་སོགས་སྤྱི་བདེའི་ལས་སྒོ་ཚུད་པ་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མང་ཚོགས་ལ“གཅིག་སྡུད་རྣམ་པ”དང“ཉིན་མཚན་བལྟོས་མེད”ཀྱི་ཞབས་ཞུ་མཁོ་འདོན་བྱས་པས་མང་ཚོགས“འགྲོ་ཐེངས་གཅིག”ལ་ཉེན་རྟོག་པའི་ལས་སྒོ་མང་པོ་ཐེངས་གཅིག་ལ་སྒྲུབ་ཐུབ་པ་བྱུང་ཡོད། ཟླ་7ཚེས་31ཉིན་གོང་། ཁུན་མིང་གྲོང་ཁྱེར་ཝུའུ་ཧྭ་ཆུས་དང་། ཆུས་ཅིང་གྲོང་ཁྱེར་ཆི་ལིང་ཆུས། ཡུས་ཤིས་གྲོང་ཁྱེར་ཧུང་ཐ་ཆུས་སོགས་རྫོང(གྲོང་ཁྱེར་དང་ཆུས)56རུ“རང་རོགས་སྒོ་རྩིས་ཚོང་ཁང”ཚོད་ལྟའི་ངང་བསྐྲུན་རྒྱུ་དང་ཆབས་ཅིག་འདི་ལོའི་ལོ་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པ་129རུ“རང་རོགས་སྒོ་རྩིས་ཚོང་ཁང”བསྐྲུན་རྒྱུའི་ལས་འགན་ལེགས་གྲུབ་ཟིན་པ་བྱ་རྒྱུ་རེད།
           མིག་སྔར། “རང་རོགས་སྒོ་རྩིས་ཚོང་ཁང”གིས་གཙོ་གཉེར་ལས་སྒོའི་ནང་གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་པར་ལེན་པ་དང་། རེ་ཞུ་བྱེད་པ། ལག་ཁྱེར་ལེན་པ་སོགས་ལས་སྒོ་དང་། གོ་རིམ་སྟབས་བདེའི་ངང་འགྲོ་ལམ་འགྲིམ་འགྲུལ་སྒྲིག་འགལ་ཐག་གཅོད་དང་། འགྲིམ་འགྲུལ་སྒྲིག་འགལ་གྱི་དངུལ་ཆད་སྤྲོད་པ། འགྲིམ་འགྲུལ་སྒྲིག་འགལ་བྱས་ཡོད་མེད་རྩད་གཅོད་བྱེད་པ་སོགས་ཚུད་ཡོད། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་སུ་ཡུལ་སྐོར་དུ་སྐྱོད་སྐབས་ཀྱི“འཐུས་མཆན་བཀོད་ཐེངས་གཉིས་པ”གཉེར་བ་དང་སྒེར་དོན་གྱིས་རྐྱེན་པས་རྒྱལ་མཚམས་ལས་གྲོལ་དགོས་པའི་ལག་ཁྱེར་ལེན་པ་བཅས་ཚུད་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།