འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ནགས་ཚལ་སྤྱི་བདེའི"དཔྱིད་ཀྱི་འབྲུག་སྒྲའི་2018ལོའི"རྡུང་རྡེག་བྱ་སྤྱོད་ཀྱིས་གྱོད་དོན་
    ཁྲི་3.6ལྷག་ཙམ་ཐག་གཅོད་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་21ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་1ནས་ཟླ་5ཚེས་31ཉིན་བར་རྒྱལ་ཡོངས་ནགས་ཚལ་སྤྱི་བདེ་ལས་ཁུངས་ཀྱིས“དཔྱིད་ཀྱི་འབྲུག་སྒྲའི་2018ལོའི”ཆེད་དོན་རྡུང་རྡེག་བྱ་སྤྱོད་སྤེལ་བ་དང་བྱ་སྤྱོད་སྤེལ་རིང་། རིམ་ཁག་ནགས་ཚལ་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་དོན་སྣ་ཚོགས་ཁྱོན་ཁྲི་3.6ལྷག་ཙམ་ཐག་གཅོད་བྱས་པ་དང་། ནགས་ཤིང་ཤིང་ཆ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་3.5དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྣ་ཚོགས་ཁྲི་7.7བསྡུས་པ། རིགས་སྣ་ཚོགས་ཀྱི་ཁྲིམས་འགལ་ཉེས་གསོག་པ་ཁྲི་3.7ལྷག་ཙམ(ཐེངས)ལ་རྡུང་རྡེག་བཏང་བར་གྱོད་འབྲེལ་དངུལ་གྲངས་སྒོར་དུང་ཕྱུར་3ཙམ་ཟིན་ནས་རིགས་སྣ་ཚོགས་ཀྱི་ནགས་ཚལ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ནགས་འབྲེལ་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་བཀག་འགོག་དང་རྡུང་རྡེག་ཚ་ནན་བཏང་ཡོད་པ་རེད།
            རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ནགས་ཚལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཝང་ཧའེ་ཀྲུང་གིས་ངོ་སྤྲོད་བྱས་པར་གཞིཌ་ན། “དཔྱིད་ཀྱི་འབྲུག་སྒྲའི་2018ལོའི”ཆེད་དོན་རྡུང་རྡེག་བྱ་སྤྱོད་ཀྱིས་གནད་དོན་བཞི་ལ་གཙོ་གནད་ཐོག་རྡུང་རྡེག་བཏང་བ་སྟེ། གཅིག་ནི་ནགས་ཤིང་ལྐོག་གཅོད་དང་། ནགས་ཤིང་རང་དགར་གཅོད་པ། ནགས་གཏོར་གསར་སྦོལ། ཁྲིམས་འགལ་ངང་ཤིང་སྡོང་སྤོས་འཛུགས། ཁྲིམས་འགལ་ངང་ནགས་ས་བཟུང་བ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་བ་དང་། གཉིས་ནི་ཁྲིམས་འགལ་ངང་རྩ་ཆེའི་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྔོན་རྒྱག་པ་དང་གསོད་པ་དང་། དེའི་བཟོས་རྫས་ཉོ་སྒྲུབ་དང་། སྐྱེལ་འདྲེན། ཕྱིར་ཚོང་བྱས་པ། ཁྲིམས་འགལ་ངང་རྔོན་རྒྱག་པ་སོགས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་བ། གསུམ་ནི་དྲ་སྦྲེལ་དང་། སྐད་འཕྲིན་ཚོང་གཉེར། ཐའོ་པའོ་སོགས་དྲ་ཐོག་ཚོང་དོན་ལས་སྟེགས་སྤྱད་དེ་ཁྲིམས་འགལ་ངང་རྩ་ཆེའི་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་དེ་བཞིན་དེའི་བཟོས་རྫས་འཚོང་བ་དང་འདར་སྒྲ་སོགས་དྲ་བའི་ཐད་གཏོང་ལས་སྟེགས་ཐོག་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྔོན་རྒྱག་པ་དང་། གསོད་པ། ཟ་བ་བཅས་ཀྱི་བརྙན་ཐུང་དང་པར་རིས་སོགས་གཏོང་བའི་གནས་ཚུལ་ཁྲིམས་ལྟར་བརྟག་ཞིབ་བྱས་ཏེ་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་དངོས་འབྲེལ་ཡོད་མཁན་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་བ། བཞི་ནི་ནགས་ཤིང་གཅོད་ཆོག་པའི་ལག་ཁྱེར་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་འདུལ་གསོ་དང་སྐྱེ་འཕེལ་ཐད་སྤྱོད་པའི་ཞིབ་མཆན་ལག་ཁྱེར། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཆེད་སྤྱོད་མཚོན་རྟགས་དང་ཐམ་ཀ་སོགས་རྫུན་བཟོ་དང་འཚོང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་བ་བཅས་སོ།
      

    ཕྱོགས་བསྡུས་གསར་འགྱུར།