འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།འབྲུ་རིགས་ཀྱི་བདེ་འཇགས་གང་ལས་ལྷག 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་15ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།འབྲུ་རིགས་ཀྱི་བདེ་འཇགས་གང་ལས་ལྷག
          མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་འབྲུ་རིགས་ཀྱི་བདེ་འཇགས་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ནས་ཐོན་འཕར་གྱི་བྱ་སྤྱོད་སྤེལ་བར་དམ་འཛིན་གྱིས་ནས་ཐོན་སྐྱེད་མ་ལག་དང་། ཐོན་ལས་མ་ལག གཉེར་སྐྱོང་མ་ལག་བཅས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། ཐོན་ནུས་ཆེ་རུ་གཏོང་བ་དང་། གཞི་ཁྱོན་ཆེ་རུ་གཏོང་བ། མུའུ་རེའི་ཐོན་ཚད་མང་དུ་གཏོང་བ། ཐོན་འབོར་མང་དུ་གཏོང་བ། སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་པས་སླར་ཡང་ལོ་ལེགས་བྱུང་ཡོད། ཤེས་རྟོགས་བྱུང་བ་ལྟར་ན། 2017ལོར་གྲོང་ཁྱེར་ཡོངས་ཀྱི་ནས་ཐོན་ཚད་ཏུན་ཁྲི་38.48ཟིན་པ་དེ་ལོ་གོང་མ་དང་བསྡུར་ན་ཏུན་ཁྲི་4.37འཕར་བ་དང་། ཆ་སྙོམས་མུའུ་རེར་སྤྱི་རྒྱ་25.5འཕར་ཡོད་པ་རེད།
    ཆེད་ལས་ལག་རྩལ་པས་ཞིང་ནང་དང་མུ་ཁར་མཛུབ་ཁྲིད་བྱེད་བཞིན་པ།
    ཆེད་ལས་ལག་རྩལ་པས་ཞིང་ནང་དང་མུ་ཁར་མཛུབ་ཁྲིད་བྱེད་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།