འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ཧྥ་རན་སེ"རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་ལ་ཧུར་ཐག་ཞུགས་འདོད་
    བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་21ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ཚེས་19ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་གྱི་ཚོགས་འདུར་ཞུགས་སྐབས་ཧྥ་རན་སེ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཧུར་ཐག་ཞུགས་འདོད་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་པ་དང་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།
            གསར་འགོད་པས་ཉེ་དུས་ཧྥ་རན་སེའི་གྲོས་ཁང་གོང་མའི་ཕྱི་འབྲེལ་དང་རྒྱལ་སྲུང་དང་དཔུང་སྡེའི་ལས་དོན་ཨུ་ལྷན་གྱིས“རྒྱུད་གཅིག་ལམ་གཅིག”གྲོས་འགོའི་སྐོར་གྱི་དཔྱད་དཔོག་སྙན་ཞུའི་ནང་ཧྥ་རན་སེ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་དེ་བས་ཧུར་ཐག་ཞུགས་དགོས་པ་མ་ཟད། ཡོ་ཀྲུང་རིམ་ངོས་སུ་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་དགོས་ལུགས་བཏོན་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་འདོད་ཡོད་དམ་ཞེས་དྲིས།
           ཀེང་ཧྲོང་གིས“རྒྱུད་གཅིག་ལམ་གཅིག”ནི་སྒོ་དབྱེ་བསྟུན་མཁས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཀྱི་གྲོས་གཞི་ཞིག་ཡིན་པས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་བཀའ་བཞིན་ལག་བསྟར་བྱས་ཏེ་དེར་ཞུགས་མཁན་རྒྱལ་ཁབ་ཚང་མས་ནུས་པ་བཏོན་པར་ཕན་འབྲས་ཐོན་པ་བྱེད་དགོས་པ་དེ་རེད། ཞིབ་ཕྲའི་མཉམ་ལས་བྱེད་རིང་ང་ཚོས་ཕྱོགས་ཁག་གི་བདེ་སྙམ་ལ་ལྟ་རྟོག་དང་། སྒོ་དབྱེའི་ཕྱི་གསལ་ནང་གསལ་མཐའ་འཁྱོངས་བྱ་རྒྱུར་སྣང་ཆེན། རྒྱལ་སྤྱིའི་ངོས་འཛིན་གཅིག་གྱུར་བྱུང་བའི་ཚད་གཞི་དང་རྩ་དོན་ལ་བརྩི་འཇོག་བཅས་བྱེད་ཀྱི་ཡོད་ཅེས་གསུངས།
           ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཚུད་པའི་ཡོ་རོབ་རྒྱལ་ཁབ་ཁག་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་མཉམ་ལས་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཞིབ་དཔྱད་ཀྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ནུས་ལྡན་བྱེད་པ་དང་། ཁེ་ཕན་མཉམ་འདྲེས་རྒྱ་ཆེར་གཏོང་བ། ཆུ་ཚད་དེ་བས་མཐོ་བའི་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་འདོད་ཡོད་ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།