འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲའོ་ཞན་དང་ཨ་རིའི་འགོ་ཁྲིད་སིང་ཀ་ཕོར་མཇལ་འཛོམས་ཐེངས་དང་པོ་གནང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་14ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་མཉམ་འབྲེལ་གསལ་བསྒྲགས་ལ་མཚན་རྟགས་བཀོད་ནས་ཕྱེད་གླིང་དུ་ཉིང་རྡུལ་མེད་པའི་ཞི་བདེའི་དམིགས་ཚད་གཏན་འཁེལ་གནང་བ།
         ཟླ་6ཚེས་12ཉིན། ཁྲའོ་ཞན་གྱི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་སིང་ཀ་ཕོར་དུ་རྒྱལ་ཁབ་གཉིས་པོའི་ལས་ཐོག་འགོ་ཁྲིད་པའི་ལོ་རྒྱུས་ཐོག་གི་ཐུག་འཕྲད་ཐེངས་དང་པོ་བྱས་ཤིང་། ཁོང་གཉིས་པོས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་བཟོ་བ་དང་དེ་བཞིན་ཕྱོགས་གཉིས་པོའི་དབར་གྱི་ཛ་དྲག་འབྲེལ་བ་ཞི་ལྷོད་དུ་གཏོང་རྒྱུའི་སྐོར་ལ་གླེང་མོལ་བྱས་པ་རེད།
        ས་གནས་དེ་གའི་དུས་ཚོད་ཚེས་12ཉིན་གྱི་སྔ་དྲོའི་ཆུ་ཚོད་9པ་ཡོལ་ཙམ་ལ། སིང་ཀ་ཕོར་གྱི་སེན་ཐོ་སཱ་གླིང་ཕྲན་དུ་ཡོད་པའི་ཁཱ་ཕེལ་ལཱ་ཨར་ཁང་དུ་ས་གདན་དམར་པོ་བཏིངས་ཤིང་། ཅིན་ཀྲེང་ཨེན་དང་ཐེ་རོན་ཕུ་ཡིས་གདན་དམར་པོའི་སྣེ་གཉིས་ནས་དབུས་སུ་འཛོམས་ཏེ་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་གོམ་སྟབས་གལ་ཆེན་ཞིག་སྤོས་པ་རེད།
         ཚེས་12ཉིན་གྱི་ཕྱི་དྲོར། སིང་ཀ་ཕོར་གྱི་སེན་ཐོ་སཱ་གླིང་ཕྲན་དུ་ཡོད་པའི་ཁཱ་ཕེལ་ལཱ་ཨར་ཁང་དུ་ཁྲའོ་ཞན་གྱི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་རྣམ་གཉིས་ཀྱིས་འཛུམ་དམུལ་དམུལ་ངང་མཚན་རྟགས་བཀོད་པའི་ཡིག་ཆ་བརྗེ་རེས་གནང་བ་དང་ཆབས་ཅིག པར་ཆས་ཀྱི་གློག་འོད་ཆེམ་ཆེམ་དུ་འཕྲོ་བའི་ཁྲོད་བསྐྱར་དུ་ཕྱག་གཏོང་རེས་གནང་བ་རེད།
          ཚེས་12ཉིན། ཅིན་ཀྲེང་ཨེན་དང་ཐེ་རོན་ཕུ་རྣམ་གཉིས་ཀྱིས་ཁྲའོ་ཨའི་ལས་ཐོག་འགོ་ཁྲིད་པའི་ལོ་རྒྱུས་ཐོག་གི་མཇལ་འཛོམས་ཐེངས་དང་པོ་གནང་བ་མ་ཟད། ད་དུང་མཉམ་འབྲེལ་གསལ་བསྒྲགས་ལ་མཚན་རྟགས་ཀྱང་བཀོད་གནང་བ་རེད།
         ཐེ་རོན་ཕུས་མཚན་རྟགས་འགོད་ཡུལ་དུ་སྨྱན་སྦྱོར་ལ་བསྟན་པའི་མཉམ་འབྲེལ་གསལ་བསྒྲགས་ཡིག་ཆར་གཞིགས་ན། ཁྲའོ་ཨ་ཕྱོགས་གཉིས་པོས“ཁྲའོ་ཨའི་འབྲེལ་བ་གསར་པ་འཛུགས་རྒྱུ”དང་། དེ་བཞིན“ཁྲའོ་ཞན་ཕྱེད་གླིང་དུ་ཡུན་རིང་བརྟན་ལྷིང་དང་ཞི་བདེའི་ལམ་སྲོལ་འཛུགས་རྒྱུའི”ཐད་འབད་བརྩོན་བྱ་རྒྱུ་ཡིན་པ་རེད། ཐེ་རོན་ཕུས་ཁྲའོ་ཞན་གྱི་བདེ་འཇགས་འགན་ལེན་བྱ་རྒྱུའི་ཁས་བླངས་པ་དང་། ཅིན་ཀྲེང་ཨེན་གྱིས“ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་རྦད་དེ་མེད་པ་བཟོ་རྒྱུའི”ཁས་ལེན་བསྐྱར་བསྒྲགས་གནང་བ་རེད། ཐུག་འཕྲད་ཀྱི་གྲུབ་འབྲས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་ཆེད། ཁྲའོ་ཨ་ཕྱོགས་གཉིས་པོས་རིམ་པ་མཐོ་བའི་སྲིད་གཞུང་གི་འཐུས་ཚབ་ཚོགས་པའི་གྲོས་ཆིངས་ཚོགས་འདུ་འཚོག་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།