འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་མཛའ་གྲོགས་མི་སྣས་ལོ་སྒྲིལ་འབྲས་ཆན་བཟོས་ཏེ་ཀྲུང་གོའི་སྲོལ་རྒྱུན་རིག་གནས་
    ཉམས་ལེན་བྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་14ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལྔ་པའི་ཚེས་ལྔའི་དུས་ཆེན་ནི་ཀྲུང་གོའི་གནའ་བོའི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་པ་དང་། ལོ་སྒྲིལ་འབྲས་ཆན་བཟའ་བ་དང་དྲི་ཞིམ་ཁུག་མ་འདོགས་རྒྱུ་ནི་དུས་ཆེན་གྱི་གོམས་སྲོལ་གཙོ་བོ་ཞིག་རེད། ཟླ་6ཚེས་12ཉིན་གྱི་སྔ་དྲོ་ཨན་ཧུའེ་ཞིང་ཆེན་ལུའུ་ཅང་རྫོང་གསེར་གྱི་རྨ་བྱའི་ཆུ་ཚན་གྲོང་ཚོར་ལས་ཀ་བྱེད་པའི་ན་ན་དང་ཅེ་ལི་བཟའ་ཚོ་གཉིས་ཀྱིས་བུ་ཞའོ་ལུང་འཁྲིད་ནས་ཆེད་མངགས་ཧོང་ཏུན་ཁྲོམ་གཞུང་རྙིང་པར་ཡོང་སྟེ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཁྲོམ་གཞུང་རྙིང་པའི་གྲོང་པ་ཁྱིམ་མཚེས་དང་མཉམ་དུ་ཀྲུང་གོའི་ལོ་སྒྲིལ་འབྲས་ཆན་བཟོ་སྟངས་སློབ་སྦྱོང་བྱེད་པ་དང་ཀྲུང་གོའི་ཟས་མཆོག་ཉམས་སུ་མྱོང་ནས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཉམས་ལེན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།