འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་གིས་འགལ་རྐྱེན་མེད་པའི་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་14ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་11ཉིན། གསར་འགོད་པས་ནང་སོག་རང་སྐྱོང་ལྗོངས་སྲིད་གཞུང་གིས་འཚོགས་པའི་《ནང་སོག་རང་སྐྱོང་ལྗོངས་ཀྱི་འགལ་རྐྱེན་མེད་པའི་ཁོར་ཡུག་འཛུགས་སྐྲུན་བྱ་ཐབས་》ཀྱི་སྲིད་ཇུས་འཆར་ཅན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ནང་སོག་གི་འགལ་རྐྱེན་མེད་པའི་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་འགལ་རྐྱེན་མེད་པའི་སྒྲིག་བཀོད་ཀྱི་དོ་དམ་དང་བེད་སྤྱོད་ཚད་ལྡན་དུ་གཏོང་བ་དང་། དབང་པོ་སྐྱོན་ཅན་སོགས་སྤྱི་ཚོགས་ཁོངས་མིའི་འཚོ་བའི་སྤུས་ཚད་མཐོ་རུ་དང་ལེགས་སུ་གཏོང་བ། སྤྱི་ཚོགས་ཤེས་དཔལ་ཡར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། གསར་དུ་བཟོ་བཅོས་བརྒྱབ་པའི་《ནང་སོག་རང་སྐྱོང་ལྗོངས་ཀྱི་འགལ་རྐྱེན་མེད་པའི་ཁོར་ཡུག་འཛུགས་སྐྲུན་བྱ་ཐབས་》(གཤམ་དུ་《བྱ་ཐབས་》ཞེས་བསྡུ་རྒྱུ)2018ལོའི་ཟླ་7ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
         《བྱ་ཐབས་》འདི་ནི་2008ལོར་བཟོས་ནས་བཏོན་པའི《ནང་སོག་རང་སྐྱོང་ལྗོངས་ཀྱི་འགལ་རྐྱེན་མེད་པའི་འཛུགས་སྐྲུན་དོ་དམ་བྱ་ཐབས་》ལག་བསྟར་བྱས་ནས་ལོ་10སོང་རྗེས་གསར་དུ་བཟོ་བཅོས་བརྒྱབ་པ་ཞིག་ཡིན་ལ། ནང་སོག་རང་སྐྱོང་ལྗོངས་ཀྱི་འགལ་རྐྱེན་མེད་པའི་ཁོར་ཡུག་འཛུགས་སྐྲུན་ལ་སྔར་བས་ཤུགས་སྣོན་དང་ལེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་དང་ནང་སོག་གི་འགལ་རྐྱེན་མེད་པའི་ཁོར་ཡུག་འཛུགས་སྐྲུན་ལས་དོན་ཚད་ལྡན་ཅན་དང་། ལམ་ལུགས་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།