འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་དང་པོ་ནས་ལྔ་པའི་རིང་ནུས་རྒྱུ་གསར་པའི་རླངས་འཁོར་འཚོང་ཚད་141.6%
    འཕར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་14ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོ་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱི་བསྡོམས་རྩིས་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་རིང་རང་རྒྱལ་གྱིས་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱིར་ཚོང་ཁྲི་32.8བྱས་པ་དེ་ལོ་གོང་མའི་དུས་མཚུངས་དང་བསྡུར་ན་122.9%དང་141.6%སོ་སོར་འཕར་ཡོད་པ་རེད།
          ད་ལོའི་ཟླ་དང་པོ་ནས་ལྔ་པའི་རིང་། རང་རྒྱལ་གྱི་རླངས་འཁོར་ཁྲི་1179.2བཙོངས་པ་དེ་དུས་མཚུངས་ལས་5.7%འཕར་བ་དང་། ཕྱིར་ཚོང་འཕར་ཚད་ནི་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་2ཀྱིས་མཐོ་བ་དང་སྤྱིའི་ཆ་ནས་ཅུང་འཕར་བའི་གནས་སྟངས་མངོན་ཡོད་པ་རེད། སྲོལ་རྒྱུན་གྱི་འབར་སྣུམ་རླངས་འཁོར་གྱི་འཚོང་ཚད་ཅུང་འཕར་བ་དང་བསྡུར་ན། ནུས་རྒྱུ་གསར་པའི་རླངས་འཁོར་གྱིས་སྔར་བཞིན་འཕར་ཚད་མགྱོགས་པའི་གནས་སྟངས་རྒྱུན་འཁྱོངས་བྱས་ཡོད། ཟླ་དང་པོ་ནས་ལྔ་པའི་རིང་གློག་སྒུལ་རྐྱང་པའི་རླངས་འཁོར་ཁྲི་25.0བཙོངས་པ་དེ་དུས་མཚུངས་ལས་124.7%འཕར་བ་དང་། གློག་གསོག་རྣམ་པའི་མཉམ་བསྲེས་སྒུལ་ཤུགས་ཀྱི་རླངས་འཁོར་ཁྲི་7.8བཙོངས་པ་དེ་དུས་མཚུངས་ལས་218.4%འཕར་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།