འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་བོད་ཡིག་གཟུགས་མཁས་ཅན་ལག་གདང་སྦྲེལ་ནས་ལྷ་སའི་སློབ་མར"བཀྲ་ཤིས་བདེ་ལེགས"ཞུས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་13ཉིན། 16:01】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།རྒྱ་བོད་ཡིག་གཟུགས་མཁས་ཅན་ལག་གདང་སྦྲེལ་ནས་ལྷ་སའི་སློབ་མར'བཀྲ་ཤིས་བདེ་ལེགས'ཞུས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་11ཉིན། ལྷ་ས་གྲོང་ཁྱེར་གྱི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་སློབ་རར་སྤེལ་བའི་བྱེད་སྒོ་ལྷ་ས་གྲོང་ཁྱེར་ཅང་སུའུ་ཚོད་ལྟའི་སློབ་འབྲིང་སུ་སྤེལ་ནས། ཆེད་མངགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ཡིག་གཟུགས་དགེ་རྒན་དང་ཀྲུང་གོའི་མི་བཟང་པོ་ཝང་ཐའེ་ཡིང་དང་དེ་བཞིན་ཀྲུང་གོའི་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི། བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་རྣམ་རྒྱལ་དབང་གྲགས་བཅས་ཀྱིས་ཡིག་གཟུགས་ལ་དགའ་པོ་ཡོད་པའི་སློབ་མ་80ལ་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད།
          སྐུ་ཞབས་ཝང་ཐའེ་ཡིང་གིས་ཐོག་མར་སློབ་མ་80ཚོ་ལ་རང་གི་དམིགས་བསལ་གྱི་མི་ཚེའི་བརྒྱུད་རིམ་མཉམ་སཔྱོད་བྱས་ཡོད་དེ། ལོ་ངོ་10ལྷག་གི་ནང་ཝང་ཐའེ་ཡིང་གིས་སྤྱི་ཕན་བྱ་གཞག་སྒྲུབ་ཆེད་དབུལ་ཕོངས་བརྟན་སྲུང་དང་ལེགས་སྐྱེས་འབུལ་བར་དགའ་བས། བབ་ཆགས་ཀྱི་སྐད་ཆའི་ནང་ཡིག་གཟུགས་མཁས་ཅན་ཞིག་གི་རང་ལས་གཞན་གཅེས་ཀྱི་སྙིང་སྟོབས་མངོན་ནས། མི་ཚང་མས་སེམས་གཏིང་ནས་ཁོང་ལ་མཐེ་བོང་བསྒྲེངས་ནས་བསྔགས་བརྗོད་བྱས་ཡོད་པ་རེད།
          མུ་མཐུད་དུ་སྐུ་ཞབས་ཝང་ཐའེ་ཡིང་གིས་སློབ་མ་ཚོར་རྒྱ་ཡིག་འབྲི་རྩལ་ངོ་སྤྲོད་བྱས་པ་དང་། ད་ལོའི་མཐོ་འབྲིང་གཉིས་པ་འགྲིམས་བཞིན་ཡོད་པའི་ཚེ་དབང་གིས་གསར་འགོད་པར་རང་ཉིད་རྒྱ་ཡིག་ཡིག་གཟུགས་ལ་ཧ་ཅང་དགའ་བས་དགེ་རྒན་ཝང་ལགས་ཀྱི་ས་གནས་ས་ཐོག་ཏུ་འགྲེལ་བཤད་གནང་བ་ཉན་ཐུབ་པར་གཟི་བརྗིད་ཆེན་པོའི་ཚོར་བ་སྐྱེས་བྱུང་། “མཐོ་རིམ་སློབ་འབྲིང་གི་སློབ་སྦྱོང་གི་དཀའ་ངལ་ཤིན་ཏུ་ཆེ་བས་ཡིག་གཟུགས་ཀྱིས་ང་རང་སེམས་ལྷོད་དུ་ཕབ་ཐུབ་ཀྱི་འདུག ད་དུང་ང་རང་གནའ་བོའི་སྙན་ངག་ལ་ཅུང་དགའ་བས་དུས་རྒྱུན་ཡིག་གཟུགས་བྲིས་པ་བརྒྱུད་ནས་སོ་སོས་ཁུར་པོ་ཇེ་ཡང་དུ་གཏོང་གི་ཡོད”ཅེས་བརྗོད།
    【1】  【2】  【3】  【4】  【5】  【6】
    ༄༅།།རྒྱ་བོད་ཡིག་གཟུགས་མཁས་ཅན་ལག་གདང་སྦྲེལ་ནས་ལྷ་སའི་སློབ་མར'བཀྲ་ཤིས་བདེ་ལེགས'ཞུས་པ།
      

    ཕྱོགས་བསྡུས་གསར་འགྱུར།