འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཨུའི་ས་མཚམས་གཙང་པོ་ཡིན་པའི་ཧེ་ལུང་ཅང་དུ་ཉ་རྒྱ་སྡོམ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་14ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཧེ་ལུང་ཅང་ཞིང་ཆེན་ཞིང་ལས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་11ཉིན་ནས་བཟུང་། ཀྲུང་ཨུའི་ས་མཚམས་གཙང་པོ་ཡིན་པའི་ཧེ་ལུང་ཅང་གི་ཆུ་གཞུང་ཨ་མའི་ཆུ་ཁོངས་སུ་ཉ་རྒྱ་སྡོམ་འགོ་ཚུགས་པ་དང་། ཟླ་7ཚེས་15ཉིན་མཇུག་འགྲིལ་རྒྱུ་ཡིན་པ་རེད།
        ཉ་རྒྱ་བསྡམས་པའི་དུས་ཚོད་ནང་རང་བྱུང་ཉ་འཛིན་ཆུ་ཁོངས་སུ་ཉ་འཛིན་མི་ཚོགས་དང་། ཉ་གྲུ་དང་ཉ་འཛིན་ཆས་ཚང་མ་དེ་ཁུལ་ནས་ཕྱིར་འཐེན་བྱེད་དགོས། དེའི་རིང་དེ་ཁུལ་ནས་ཐོན་པའི་གསོ་ཚགས་ཉ་རིགས་ཚོང་རིགས་ལ་གསོ་ཚགས་ལག་ཁྱེར་དགོས་པ་དང་། ས་གནས་དེ་གའི་ལས་རིགས་སྲིད་འཛིན་གཙོ་འགན་འཁུར་མཁན་སྡེ་ཚན་གྱི་ངོ་སྤྲོད་སོགས་ཀྱི་འགྲོ་ལུགས་གཉེར་དགོས་པ་དང་། དེ་ལས་ལྡོག་ཚེ། ཁྲིམས་འགལ་ངང་ཉ་འཛིན་པར་བརྩིས་ནས་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།