འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ལུའུ་པན་བཟོ་ཁང་གིས་ཐེ་ལན་གྱི་བཟོ་བོ་ཆུང་ཆུང་སྐྱེད་སྲིང་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་14ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2016ལོའི་ཟླ་3པར། ཐེན་ཅིན་པོ་ཧའེ་ལས་རིགས་ལག་རྩལ་སློབ་གླིང་དང་ཐེ་ལན་ཏ་ཁྲེང་ལག་རྩལ་སློབ་གླིང་གིས་མཉམ་དུ་སྐྲུན་པའི་གོ་ལ་ཧྲིལ་པོའི་ལུའུ་པན་བཟོ་ཁང་ཐོག་མའི་བྱང་བུ་དངོས་སུ་ཕྱེ་བ་དེའང་རང་རྒྱལ་གྱིས་ཕྱི་རྒྱལ་དུ་བཙུགས་པའི་ལས་རིགས་སློབ་གསོའི་ཁྱབ་ཁོངས་ཀྱི“ཁུང་ཙི་སློབ་གླིང”ཐོག་མ་དེ་རེད། ཀྲུང་ཐེ་ཕྱོགས་གཉིས་པོས་ཕུལ་བྱུང་གི་ལག་ཁྱེར་གཉིས་ལྡན་དགེ་རྒན་དང་སྐད་རིགས་གཉིས་ཤེས་པའི་དགེ་རྒན་དཔུང་ཁག་འདེམས་གཏོང་བྱས་ཏེ་གསར་དུ་བཟོས་པའི་ཀྲུང་གོ་དང་། དབྱིན་ཇི། ཐེ་ལན་བཅས་ཀྱི་ཡིག་རིགས་གསུམ་གྱི་བསླབ་གཞི་བདམས་པ་མ་ཟད་ད་དུང་མཁའ་དབྱིངས་སློབ་ཁང་དང་། བརྙན་ལམ། སྐད་འཕྲིན་སློབ་ཚན་སོགས་སྔོན་ཐོན་བྱ་ཐབས་སྤྱད་ནས་དུས་ཐོག་སློབ་ཁྲིད་བྱེད་ཀྱི་ཡོད། ལོ་གཅིག་ལྷག་ཙམ་རིང་ལུའུ་པན་བཟོ་ཁང་རྣམ་གྲངས་ནང་ཞུགས་པའི་ཐེ་ལན་གྱི་སློབ་མ་40ལྷག་ཙམ་ཀྲུང་གོར་ཟབ་སྦྱོང་བྱེད་པར་ཡོང་བ་དང་། དེ་དང་དུས་མཚུངས་ཀྲུང་གོས་དར་སྤེལ་གཏོང་བའི་ལས་གྲྭའི་ལག་བསྟར་གསར་གཏོད་རྣམ་གྲངས་ཀྱི་སློབ་གསོ་དཔེ་དབྱིབས་ཐེ་ལན་དུ་ལག་ལེན་བྱས་པས་ཐེ་ལན་གྱི་ལས་རིགས་སློབ་གསོའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཆུ་ཚད་མཐོ་རུ་བཏང་ཡོད་པ་རེད།
         ཏ་ཁྲེང་ལག་རྩལ་སློབ་གླིང་དང་ས་སྦྲེལ་ཡིན་པའི་འཛམ་གླིང་རིག་གནས་ཤུལ་བཞག་——ཏ་ཁྲེང་ལོ་རྒྱུས་སྤྱི་གླིང་ནང་དེའི་དེ་སྔའི་འོད་སྟོང་འབར་བའི་ཤེས་དཔལ་ཟིན་ཐོར་བཀོད་ཡོད་ལ་ཐེ་ལན་གྱི་གཞོན་ནུ་ལོ་ཆུང་གི་ཧུར་སྐྱེད་སྟོབས་སྤེལ་ལའང་སྐུལ་མ་ཐེབས་བཞིན་ཡོད། ཏ་ཁྲེང་ལག་རྩལ་སློབ་གླིང་གི་ཡོན་ཀྲང་གཞོན་པ་སུང་ཁྲེ་·ཐ་ཏ་ཀན་གྱིས་གསར་འགོད་པར་མིག་སྔར་སློབ་གླིང་ནང་ཆེད་ལས་11ཡོད་པ་དང་ལུའུ་པན་བཟོ་ཁང་གི་འཕེལ་རྒྱས་དང་ཐེ་ལན་དང་ཀྲུང་གོའི་ལས་རིགས་སློབ་གསོའི་མཉམ་ལས་ཟབ་ཏུ་ཕྱིན་པ་དང་སྦྲགས་སྔོན་དཔག་བྱས་ན་འདི་ལོ་སློབ་གྲྭས་ནུས་རྒྱུ་གསར་པ་དང་། གྲངས་འཛིན་འཕྲུལ་སྟེགས། ཟོག་སྦྲེལ་དྲ་བ་སོགས་ལག་རྩལ་གསར་ཤོས་ཀྱི་ཆེད་ལས་འཛུགས་རྩིས་ཡོད་པ་དེས་ད་ལྟ་ལག་བསྟར་བྱེད་བཞིན་པའི“ཐེ་ལན་4.0”འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད་པ་རེད།
         “ལུའུ་པན་བཟོ་ཁང་གི་དཔེ་དབྱིབས་བརྒྱུད་སློབ་མས་ཀྲུང་གོ་དང་། དབྱིན་ཇི། ཐེ་ལན་བཅས་ཀྱི་སྐད་བརྡ་རིགས་གསུམ་བྱང་ཆུབ་པའི་ངང་ཁོང་དུ་ཆུད་དེ་རང་སྐྱ་འཕེར་བའི་ངང་ལས་དོན་སྒྲུབ་ནུས་སྐྱེད་སྲིང་ཐུབ་པ་མ་ཟད། སྔོན་ཐོན་གྱི་ལག་རྩལ་བཀོལ་སྤྱོད་ཉམས་མྱོང་ཡང་ལྡན་ནས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བ་དེ་ནི་ཁོང་ཚོ་སླད་ཕྱིན་སྤྱི་ཚོགས་ཐོག་སྐྱོད་པའི་ལེགས་ཆ་ཡིན” སུང་ཁྲེས་གསར་འགོད་པར། མིག་སྔར་ཐེ་ལན་གྱི་ལས་རིགས་སློབ་གྲྭ་མང་པོ་ཞིག་གིས་ལུའུ་པན་བཟོ་ཁང་གི་དཔེ་དབྱིབས་ཀྱི་ལེགས་ཆ་ངོས་འཛིན་ཐུབ་ནས་སློབ་སྦྱོང་བྱེད་པར་ཡོང་གི་ཡོད། ཐེ་ཀྲུང་རྒྱལ་ཁབ་གཉིས་པོའི་ལས་རིགས་སློབ་གསོའི་མཉམ་ལས་མུ་མཐུད་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུ་ཡིན་ལ་ལུའུ་པན་གྱི་སྙིང་སྟོབས་ཀྱང་དེ་གར་རྩ་བ་ཚུགས་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།