འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ཆེན་ཐད་གཏོགས་བྱ་གཞག་ཚན་པ་659ཚན་པ་ཆེ་གྲས་65ལ་ཟླ་སྒྲིལ་གཏོང་རྒྱུ་
    ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་14ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་11ཉིན། ལེའོ་ཉིང་ཞིང་ཆེན་སྒྲིག་ཁོངས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཁྲེན་ཤང་ཡོན་གྱིས་ལེའོ་ཉིང་ཞིང་ཆེན་གྱི་ཐད་གཏོགས་ལས་ཁུངས་སྤྱི་ཕན་རང་བཞིན་གྱི་བྱ་གཞག་ཚན་པ་659དག་སྲིད་དོན་ལོགས་དབྱེ་དང་། བྱ་གཞག་ཚན་པ་དང་ཁེ་ལས་ལོགས་དབྱེ། ལྟ་སྐུལ་དང་འཛུགས་གཉེར་འགན་ནུས་ལོགས་དབྱེ་བཅས་ཀྱི་རྩ་དོན་ལ་གཞིགས་ནས་འབྲེལ་ཡོད་ཚན་པའི་འགན་ནུས་འདྲ་རིགས་ཟླ་སྒྲིལ་གཏོང་དགོས་རིགས་ཟླ་སྒྲིལ་བཏང་སྟེ་བྱ་གཞག་ཚན་པ་ཆེ་གྲས་65ལ་ཟླ་སྒྲིལ་གཏོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
         མིག་སྔར། ལེའོ་ཉིང་ཞིང་ཆེན་ལ་བྱ་གཞག་ཚན་པ་35000ལྷག་ཙམ་ཡོད་པར་བྱ་གཞག་སྒྲིག་ཁོངས་ཀྱི་མི་ཁྲི་110ལྷག་ཙམ་ཡོད་པ་རེད། དེའི་ནང་ཞིང་ཆེན་ཐད་གཏོགས་ཀྱི་སྤྱི་ཕན་རང་བཞིན་གྱི་བྱ་གཞག་ཚན་པ་990ཡོད་པའི་ནང་གི་སྨན་བཅོས་དང་། མཐོ་སློབ། ས་གནས་ཁྲལ་བསྡུ་བཅས་ཀྱི་ཁོངས་གཏོགས་ཕུད། ཚན་པ་659ཡོད་པ་རེད། དུས་ཡུན་རིང་པོའི་ནང་བྱ་གཞག་ཚན་པ་དེ་དག་ལ་ཆུང་བ་དང་། ཁ་ཐོར། ཉམས་ཞན་བཅས་ཀྱི་ཁྱད་ཆོས་ཡོད་པ་དང་། ལྷག་པར་དུ་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་སྲིད་དོན་འགན་ནུས་ཁ་གསལ་མེད་པ་དང་། དོ་དམ་སྒྲིག་གཞི་གོ་རིམ་མེད་པ། སྐྱེ་སྟོབས་དང་གསོན་ཤུགས་མི་འདང་བ། ཐོན་ཁུངས་བཀོད་སྒྲིག་ལུགས་དང་མ་མཐུན་པ་སོགས་ཀྱི་གནད་དོན་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ནས་ལེའོ་ཉིང་གི་སྒྲིག་གཞི་དང་ལམ་སྲོལ་ཡག་པོ་མ་བྱུང་བའི་རྒྱུ་རྐྱེན་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ཡོད་པ་རེད། ཁག་གཅིག་མིང་ཙམ་དུ་གྱུར་པ་དང་། ཁག་གཅིག་གཞི་ཁྱོན་ཆུང་དྲགས་པ། ཁག་གཅིག་བཀོད་སྒྲིག་བསྐྱར་ཟློས་ཡིན་པ། ཁག་གཅིག་མི་མང་ལས་ཉུང་ཡིན་པ། ཁག་གཅིག་དམངས་དང་ཁེ་ཕན་རྩོད་རེས་བྱེད་པ་བཅས་ལས་ཚོང་གཉེར་ཁོར་ཡུག་ལ་གཏོར་བཤིག་བཏང་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།