འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཡིས་ཨ་རི་དང་བྱང་ཁོ་རེ་ཡའི་འགོ་ཁྲིད་ཀྱི་ཐུག་འཕྲད་ལེགས་འགྲུབ་དང་
    གྲུབ་འབྲས་བཟང་པོ་ཐོབ་པའི་རེ་བ་ཡོད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་12ཉིན། 14:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཕྱི་འབྲེལ་པུའུ་ཡིས་ཨ་རི་དང་བྱང་ཁོ་རེ་ཡའི་འགོ་ཁྲིད་ཀྱི་ཐུག་འཕྲད་ལེགས་འགྲུབ་དང་
གྲུབ་འབྲས་བཟང་པོ་ཐོབ་པའི་རེ་བ་ཡོད་ཅེས་བཤད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་11ཉིན། ཕྱི་འབྲེལ་པུའུ་ཡི་གཏམ་བཤད་པ་ཀོན་ཧྲོང་གིས་འབྲེལ་ཡོད་ཀྱི་གནད་དོན་སྐོར་གྱི་དྲི་བར་ལན་རྒྱག་དུས། ཀྲུང་གོར་ཨ་རི་དང་བྱང་ཁོ་རེ་ཡའི་འགོ་ཁྲིད་བར་གྱི་ཐུག་འཕྲད་ལེགས་འགྲུབ་དང་གྲུབ་འབྲས་བཟང་པོ་ཐོབ་ཅིང་། ཁོ་རེ་ཡ་བྱང་མའི་ཉིང་རྡུལ་མེད་པ་བཟོ་བའི་གོ་རིམ་དང་ཆབ་སྲིད་ཀྱིས་ཐག་གཅོད་པའི་གོ་རིམ་ལ་ཕན་ནུས་ལྡན་པའི་རོགས་རམ་ཐུབ་པའི་རེ་བ་ཡོད་པ་བསྟན། 
         "ང་ཚོར་བྱང་ཁོ་རེ་ཡ་དང་ཨ་རིའི་འགོ་ཁྲིད་བར་གྱི་ཐུག་འཕྲད་ལེགས་འགྲུབ་དང་གྲུབ་འབྲས་བཟང་པོ་ཐོབ་པའི་རེ་བ་ཡོད་ལ། བྱང་ཁོ་རེ་ཡ་ཕྱེད་གླིང་དུ་ཉིང་རྡུལ་མེད་པ་བཟོ་བར་མངོན་འགྱུར་དང་། ཆབ་སྲིད་གནད་དོན་ཐག་གཅོད་ལ་བགྲོད་ལམ་ཡང་དག་ནས་མདུན་སྐྱོད་བྱེད་པའི་རེ་བ་ཡོད་ཅེས་ཉིན་དེའི་འཆར་ལྡན་གསར་འགོད་པའི་ཚོགས་འདུའི་ཐོག་ཀོན་ཧྲོང་གིས་བཤད་པ་རེད། ཕྱེད་གླིང་གི་ཁྱིམ་མཚེས་དང་ཕྱོགས་གལ་ཆེ་ཞིག་ཡིན་པའི་ཆ་ནས། ཀྲུང་གོ་ནི་ཕྱོགས་གཉིས་དང་གཅིག་མཐུན་ཡིན་པས། མུ་མཐུད་དུ་ཕྱེད་གླིང་དུ་ཉིང་རྡུལ་མེད་པ་བཟོ་བ་དང་དུས་ཡུན་རིང་པོར་བདེ་འཇགས་སྲུང་སྐྱོང་མངོན་འགྱུར་ལ་སྐུལ་འདེད་བྱ་རྒྱུ་ཡིན་པ་རེད།
         གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་ཙུང་ཐུང་ཐེ་རོམ་ཕུ་དང་བྱང་ཁོ་རེ་ཡའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གཉིས་ཚེས་12ཉིན་སིང་ཀ་ཕོར་དུ་ཐུག་འཕྲད་བྱ་རྒྱུ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།